འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་ལོ་གཉིས་ནང་རིམ་རྩིས་བྱས་ན་མི་ཁྲི་30དབུལ་སྒྲོལ་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་01ཉིན། 12:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། 2016ལོ་ནས་2017ལོ་བར་བོད་རང་སྐྱོང་ལྗོངས་སུ་རིམ་རྩིས་བྱས་ན་མི་འབོར་དབུལ་པོ་ཁྲི་29.7ཉུང་དུ་ཕྱིན་ནས་དབུལ་པོ་ཐོན་ཚད་12.4%ཆག་ཡོད་པ་དང་། སྐབས་དེར་བོད་དུ་མི་འབོར་དབུལ་པོ་ཁྲི་33.1ཉུང་དུ་ཕྱིན་ཡོད་པ་རེད།
            བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་འཇམ་དཔལ་གྱིས། བོད་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་ཁྱོན་ཡོངས་ནས་ཤིན་ཏུ་དབུལ་པའི་ས་ཁུལ་འབའ་ཞིག་དེ་རེད། 2020ལོར་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་ཐོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་དང་རྫོང་དབུལ་པོ་ཚང་མ་དབུལ་ཞྭ་འབུད་རྒྱུའི་འགན་ལེན་བྱས་ནས་ས་ཁོངས་རང་བཞིན་གྱི་ཁྱོན་ཡོངས་དབུལ་པོའི་གནད་དོན་ཐག་གཅོད་བྱ་ཆེད། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས་ཡུལ་གཞན་དུ་གནས་སྤོ་དང་། ཐོན་ལས་དབུལ་སྐྱོར། བོད་སྐྱོར་དབུལ་སྐྱོར་སོགས་ཀྱི་བྱེད་ཐབས་སྤྱད་དེ་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་ཕྱོགས་ནས་གཅིག་སྡུད་ཐོག་ཤུགས་བརྒྱབ་ཡོད་ཅེས་བཤད།
           ཐོན་ལས་དབུལ་སྐྱོར་ཐད་བོད་ཀྱིས་ནས་དང་། འབྲི་གཡག ཡུལ་སྐོར་སོགས་སྣེ་ཁྲིད་རང་བཞིན་ཆེ་བ་དང་། ཁྱབ་འགྱེད་ཀྱི་གཞི་ཁྱོན་ཆེ་བ། ཕན་འབྲས་ཆེ་བ་བཅས་ཀྱི་ཐོན་ལས་ནུས་ཤུགས་ཡོད་རྒུས་སྐྱེད་སྲིང་བྱས་ཡོད། 2016ལོ་ནས་ད་བར་རིམ་རྩིས་བརྒྱབ་ན་ཐོན་ལས་དབུལ་སྐྱོར་ལ་མ་དངུལ་སྒོར་དུང་ཕྱུར་263.44བཏང་ནས་ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་2069ལག་བསྟར་བྱས་པ་དང་། རྣམ་གྲངས་1057ལེགས་གྲུབ་ཟིན་ནས་མི་ཁྲི་14.85དབུལ་སྒྲོལ་ཐུབ་རྒྱུར་ཐད་ཀར་སྣེ་ཁྲིད་བྱས་ཡོད་པ་རེད།
          བོད་ལྗོངས་ཀྱིས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་ལག་བསྟར་བྱས་ནས“ཡུལ་ཕྱོགས་ཤིག་གི་ས་ཆུས་ཡུལ་ཕྱོགས་དེ་གའི་མི་རྣམས་འཚོ་སྐྱོང་མི་ཐུབ་པའི”གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཤིང་། འདི་ལོའི་ཟླ་6པའི་ཟླ་མཇུག་བར། བོད་ཀྱིས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བཀོད་སྒྲིག་ས་ཚིགས་555བསྐྲུན་ཡོད་པ་རེད།
          གཞན་ཡང་བོད་སྐྱོར་དབུལ་སྐྱོར་གྱིས་ས་ཁུལ་དབུལ་པོའི“རང་བརྟེན”ནུས་པ་ཆེ་རུ་བཏང་ཞིང་། མིག་སྔར་བོད་ལྗོངས་སུ་ཡོད་པའི་ཀྲུང་དབྱང་གི་ཁེ་ལས་22ཀྱིས་མི་འབོར་དབུལ་པོའི་དུད་ཚང་2300དང་མི་8700ལ་རོགས་སྐྱོར་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།