འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་མི་ཐབས་ལ་བརྟེན་ནས་བཏབ་པའི་ཀོ་ཤ་དཀར་པོར་འབྲས་བུ་རགས་ཙམ་སྨིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་01ཉིན། 12:39】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ལག་རྩལ་མི་སྣས་ཀོ་ཤ་དཀར་པོའི་སྐྱེ་འཚར་ལ་ལྟ་བཞིན་པ།
    ལག་རྩལ་མི་སྣས་ཀོ་ཤ་དཀར་པོའི་སྐྱེ་འཚར་ལ་ལྟ་བཞིན་པ།
           མི་དམངས་དྲ་བའི་འཕྲིན། 2016ལོར་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་སྲིད་གཞུང་གིས་ཚོང་འགུགས་མ་འདྲེན་བྱས་པ་བརྒྱུད་བོད་ལྗོངས་ཀོ་ཤ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིས་གནས་ཡུལ་གྲོང་ཚོར་ཀོ་ཤ་དཀར་པོ་འདེབས་པའི་རྣམ་གྲངས་ལག་བསྟར་བྱས་པ་རེད། མིག་སྔར། ས་མཐོའི་བརླན་གཤེར་ས་ཁུལ་དུ་སྐྱེ་བ་དང་ས་ཆ་དེ་གའི་མང་ཚོགས་ཀྱིས་བཟའ་བཅའ་དང་སྨན་རྫས་སུ་སྤྱོད་པའི་ཀོ་ཤ་དཀར་པོ་བོད་ལྗོངས་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཡི་བཟའ་བཅའི་ཤ་མོའི་རྣམ་གྲངས་ཚོགས་ཆུང་གི་ཚན་རིག་ཞིབ་འཇུག་མི་སྣས་འདུལ་གསོ་ཐུབ་ནས་མི་ཐབས་ལ་བརྟེན་ནས་འདེབས་འཛུགས་ཐུབ་ཡོད་པ་རེད།
           ངོ་སྤྲོད་བྱས་པར་གཞིགས་ན། འཆར་འགོད་བྱས་པའི་ཀོ་ཤ་དཀར་པོ་འདེབས་འཛུགས་རྟེན་གཞིའི་རྒྱ་ཁྱོན་མུའུ་1000ལྷག་ཙམ་ཟིན་པ་དང་། ལྟ་སྐོར་དྲོད་ཁང་1དང་འགྱིག་ཤོག་དྲོད་ཁང་40ཡོད་པས་ལོ་ལྟར་གནས་ཡུལ་གྲོང་ཚོའི་མང་ཚོགས་ལ་ས་ཆའི་བོགས་དངུལ་གྱི་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་ཡོང་གི་ཡོད། ལོ་ལྟར་གྱི་འདེབས་འཛུགས་དུས་འཆར་རྗེས་ས་ཆ་དེ་གའི་མང་ཚོགས་འདེབས་འཛུགས་རྟེན་གཞིར་ལས་ཀ་བྱེད་པ་དང་འབྲེལ་ཆེད་ལས་གསོ་སྦྱོང་བྱེད་པ་དང་མིག་སྔར་རྟེན་གཞི་དེས་ས་ཆ་དེ་གའི་མང་ཚོགས་ལ་ལས་ཞུགས་ལས་གནས་110མཁོ་འདོན་བྱས་ཡོད་པ་རེད། 2017ལོའི་ལོ་མཇུག་བར་རྟེན་གཞི་དེའི་ཀོ་ཤ་དཀར་པོའི་ཐོན་འབབ་རྒྱ་མ་ཁྲི་3ཙམ་ཟིན་ནས་ཡོང་འབབ་བསྡོམས་སྒོར་ཁྲི་2800བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།