འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་ཁ་གསབ་དངུལ་སྒོར་
    དུང་ཕྱུར་1400.9སྤྲད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་01ཉིན། 12:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ས་ཁུལ་ཁག་གིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱ་ཆེད། ཉེ་ཆར། ཀྲུང་དབྱང་ནོར་སྲིད་ཀྱིས་2018ལོའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་ཁ་གསབ་དངུལ་སྒོར་དུང་ཕྱུར་467.7སྤྲད་པའི་ཁར་སྔོན་ཚུད་ནས་སྤྲད་པའི་སྒོར་དུང་ཕྱུར་928.6དང་ཤིན་ཅང་པིང་ཐོན་སྡེ་ཚན་གྱི་སྔོན་རྩིས་ནང་བཀོད་སྒྲིག་བྱས་པའི་སྒོར་དུང་ཕྱུར་4.6བསྡོམས་ན་2018ལོའི་ཀྲུང་དབྱང་ནོར་སྲིད་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་ཁ་གསབ་དངུལ་སྒོར་དུང་ཕྱུར་1400.9ཚང་མ་སྤྲད་ཟིན་པ་དང་། ས་ཁུལ་ཁག་གིས་མ་མཐའི་འཚོ་བའི་འགན་ལེན་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་འཚོ་སྐྱོང་། གནས་སྐབས་ཀྱི་རོགས་སྐྱོབ། འཁྱམ་པོ་དང་སྤྲང་པོར་རོགས་སྐྱོབ། དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་ལེན་བཅས་ཕྱོགས་ལྔའི་ཐད་སྤྱི་འདོམས་ངང་སྤྱོད་རྒྱུ་ཡིན་པ་རེད།
          ནོར་སྲིད་པུའུ་དང་དམངས་སྲིད་པུའུ་ཡིས་ས་ཁུལ་ཁག་གི་ནོར་སྲིད་དང་དམངས་སྲིད་སྡེ་ཚན་གྱིས་གཞོཌ་འདེགས་དམ་ཟབ་བྱས་ནས་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་དུས་ཐོག་ཏུ་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས། དེ་དང་ཆབས་ཅིག་འབྲེལ་ཡོད་ཀྱི་བླང་བྱ་གཞིར་བཟུང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་ཁ་གསབ་དངུལ་བེད་སྤྱོད་དོ་དམ་ལ་ཤུགས་སྣོན་རྒྱག་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།