འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རྫ་ཆུའི་ཆུ་འགོར་ཉིན་4ཡི་རིང་གསའ་ཐེངས་8པར་དུ་ཐེབས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་01ཉིན། 12:20】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
               མི་དམངས་དྲ་བའི་འཕྲིན། གསར་འགོད་པར་གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་ཆུ་འགོའི་ཁུལ་དོ་དམ་ཨུ་ལྷན་ནས་ཤེས་རྟོགས་བྱུང་གསལ། ཁུལ་དེས་ཉེ་ཆར་གཉེར་བའི་རྒྱལ་སྤྱིའི་རང་བྱུང་ལྟ་ཞིབ་དུས་ཆེན་ཐོག་སྣོད་བཅུད་རིགས་གཅིག་མཁས་ཅན་དང་རང་བྱུང་ཚན་རིག་ལ་དགའ་མཁན་ཚོས་ཉིན་4ཡི་རིང་གསའ་ཐེངས་8མཐོང་བ་མ་ཟད་པར་དུ་བླངས་ཡོད་ཅིང་། སྣང་ཚུལ་དེ་འདྲ་གཙང་གསུམ་ཆུ་འགོ་ས་ཁུལ་དུ་སྔར་བྱུང་མྱོང་མེད་པ་ཞིག་རེད།
             ཉེ་ཆར། ཀྲུང་གོ་དང་། ཨ་རི། དབྱིན་ཇི། ཧྥ་རན་སེ་སོགས་རྒྱལ་ཁབ་ནས་ཡོང་བའི་དཔུང་ཁག་18ཀྱི་རུ་མི་54རྫ་ཆུའི་ཆུ་འགོའི་ས་ཁུལ་དུ་གནས་པའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་དུ་འཛོམས་ནས་ཡུལ་དེར་རང་བྱུང་ལྟ་ཞིབ་དང་སྣོད་བཅུད་རྣམ་པའི་བརྟག་དཔྱད་བྱེད་སྒོ་སྤེལ་བ་རེད། འབྲེལ་ཡོད་ཀྱི་རིགས་གཅིག་མཁས་ཅན་ཕུད། ད་ཐེངས་ཀྱི་ལྟ་ཞིབ་དུས་ཆེན་ལ་ད་དུང་དམངས་ཁྲོད་ཀྱི་རང་བྱུང་ཚན་རིག་ལ་དགའ་མཁན་མང་པོ་ཞིག་གདན་དྲངས་ཏེ་དམངས་ཡོངས་མཉམ་རོལ་དང་སྤྱི་ཚོགས་རྒྱ་ཁྱབ་ངང་ཞུགས་པའི་སྤྱི་དམངས་ཀྱི་རང་བྱུང་ཚན་རིག་རྣམ་པ་གསར་པ་ཞིག་འཚོལ་ཞིབ་བྱས་པ་རེད།
            བྱེད་སྒོ་གྲབས་གཉེར་ལ་ཞུགས་པའི་པེ་ཅིང་སློབ་ཆེན་རང་བྱུང་སྲུང་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་མཆོག་རམས་པ་ཤའོ་ལིང་ཡུན་གྱིས་དུས་ཡུན་ཉིན་4ཡི་ལྟ་ཞིབ་དུས་ཆེན་རིང་ལྟ་ཞིབ་རུ་མི་20ལྷག་ཙམ་གྱིས་གསའ་ཐེངས་8སྔ་རྗེས་སུ་མཐོང་བ་མ་ཟད་པར་དུ་བླངས་ཡོད་ཅིང་། སྣང་ཚུལ་དེ་འདྲ་གཙང་གསུམ་ཆུ་འགོ་ས་ཁུལ་དུ་སྔར་བྱུང་མྱོང་མེད་པ་ཞིག་རེད། དེ་ཐོག་ནས་ཡུལ་དེ་གར་གསའ་མང་པོ་ཡོད་པ་མཚོན་ཐུབ་ཅེས་ངོ་སྤྲོད་བྱས།
           གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་ཆུ་འགོའི་ཁུལ་དོ་དམ་ཨུ་ལྷན་ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཚེ་རྟ་མགྲིན་གྱིས་2015ལོ་ནས་བཟུང་གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་ཆུ་འགོའི་ཁུལ་དོ་དམ་ཨུ་ལྷན་གྱིས་པེ་ཅིང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་དང་མཉམ་ལས་བྱས་ཏེ་དཀྱུས་ལ་སྤྱི་ལེ་5བྱས་པའི་གྲུ་བཞི་ཁ་གང་མའི་ཁུལ་དྲ་མིག་ཏུ་བྱས་ནས་རྫོང་དེ་ཡོངས་སུ་རྒྱང་འཛིན་དམར་ཕྱིའི་འོད་ཀྱི་པར་ཆས་100སྒྲིག་སྦྱོར་བྱས་ཤིང་། མིག་སྔར་རྣམ་སྲས་ཤང་ཁོ་ན་ནས་ཉུང་མཐར་ཡང་གསའ་40ཤེས་རྟོགས་བྱུང་ཡོད། གསའ་ཁྱབ་ཚད་མང་པོ་དེ་འདྲ་ཡོད་པས་ཡུལ་དེ་ཉིད་སྣོད་བཅུད་ཚན་ཞིབ་དང་རང་བྱུང་ལྟ་ཞིབ་ཀྱི་གནས་མཆོག་ལྟ་བུར་འགྱུར་རྒྱུར་སྐུལ་འདེད་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།