འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཐབས་མང་མཉམ་དུ་སྤྱད་དེ་བོད་ཀྱི་གསོ་བ་རིག་པའི་ཞིང་ཆེན་སྟོབས་ཆེན་
    མགྱོགས་མྱུར་བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་01ཉིན། 12:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས་《མཚོ་སྔོན་ཞིང་ཆེན་གྱི་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》བཏོན་ནས་2020ལོར་སླེབས་སྐབས་མ་བཅོས་རྒྱུ་ཆ་མཁོ་སྤྲོད་བྱེད་ཚད་བལྟོས་བཅས་ཀྱིས་འདང་ངེས་ཡིན་པ་དང་། གསར་གཏོད་ནུས་པ་ཅུང་ཆེ་བ། ཐོན་ལས་ཀྱི་འཁོར་འབྲེལ་ཅུང་འཐུས་སྒོ་ཚང་བ་བཅས་ཀྱི་དེང་རབས་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་མ་ལག་འཛུགས་རྒྱུ་དང་། 2025ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་བྱ་གཞག་འཕེལ་རྒྱས་ཁྲོད་ཀྱི་སྣེ་འདྲེན་གནས་བབ་དེ་བས་བརྟན་དུ་བཏང་སྟེ་བོད་ཀྱི་གསོ་བ་རིག་པའི་ཞིང་ཆེན་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་རེད།
            ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱིས་ཀྲུང་ལུགས་སྨན་རྫས་དང་བོད་སྨན་གྱི་སྨན་རྫས་ཀྱི་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་དང་། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ཀྱི་ཚན་རྩལ་གསར་གཏོད་ནུས་པ་ཆེ་རུ་གཏོང་བ། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་འཕེལ་རྒྱས་ཀྱི་རིམ་པ་དང་ཆུ་ཚད་མཐོ་རུ་གཏོང་བ། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། བོད་ཀྱི་གསོ་བ་རིག་པའི་ཚད་གཞིའི་མ་ལག་མགྱོགས་མྱུར་འཛུགས་པ། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་སྣ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བོད་ཀྱི་གསོ་བ་རིག་པའི་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ། བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ་སོགས་གཙོ་གནད་ལས་འགན་ཁག་བརྒྱད་ལ་ཤུགས་སྣོན་བརྒྱབ་ནས་མཚོ་སྔོན་ཞིང་ཆེན་གྱི་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་འཕེལ་རྒྱས་གཏོང་བའི་སྤུས་ཚད་དང་ཕན་འབྲས་སྔར་བས་ཆེ་རུ་གཏོང་རྒྱུ་རེད།
          གཞན་ཡང་མཚོ་སྔོན་གྱིས་བོད་ཀྱི་གསོ་བ་རིག་པའི་ཐོན་རྫས་དོ་དམ་དང་། སྤུས་ཚད། ཚད་གཞི། ཐོ་འགོད་མ་ལག་བཅས་རྒྱལ་སྤྱི་དང་འབྲེལ་མཐུད་བྱེད་མགྱོགས་སུ་བཏང་ནས་རྒྱལ་སྤྱི་དང་མཉམ་ལས་ཧུར་ཐག་བྱེད་པ་དང་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་སྒོ་དབྱེ་དང་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་ཆགས་པ་བྱ་རྒྱུ་དང་། “སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་པའི”འདུ་ཤེས་བརྟན་པོ་བཅངས་ནས་བོད་ཀྱི་གསོ་བ་རིག་པའི་ཁེ་ལས་ཀྱི་འདེབས་འཛུགས(གསོ་ཚགས)དང་ལས་སྣོན་གཞི་གཅིག་ཅན་དུ་འགྱུར་བར་ཁྲིད་སྟོན་བྱ་རྒྱུ་རེད། འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ཀྱི་ལྗང་མདོག་སྒྱུར་བཀོད་རིམ་སྤོར་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། བོད་ཀྱི་གསོ་བ་རིག་པའི་ཁེ་ལས་མཉམ་འབྲེལ་དང་བསྐྱར་སྒྲིག་ལ་སྐུལ་འདེད་བཏང་ནས་བོད་ཀྱི་གསོ་བ་རིག་པའི་ཁེ་ལས་དེ་གླིང་ཁུལ་དུ་གཅིག་བསྡུས་ཅན་གྱི་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་བྱ་རྒྱུ་བཅས་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་མཚོ་སྔོན་ཞིང་ཆེན་གྱི་བོད་ཀྱི་གསོ་བ་རིག་པའི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་སྒོར་དུང་ཕྱུར་26ཟིན་པ་དེས་རྒྱལ་ཡོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་44%བཟུང་ནས་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་འཕེལ་རྒྱས་ཀྱི་གཞི་ཁྱོན་དང་ཕྱོགས་བསྡུས་སྟོབས་ཤུགས་རྒྱལ་ཡོངས་ཀྱི་ཨང་པོར་སླེབས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།