འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་21པའི་ཀྲུང་གོའི་དྲག་ཆས་ཉེན་རྟོག་གི་ལྷག་བསམ་སྲུང་དམག་ཆེ་གྲས་བཅུའི་མཚན་སྙན་
    ཐོབ་པའི་དཔོན་དམག་བཅུར་གཟེངས་བསྟོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་01ཉིན། 12:44】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། “ལྷག་བསམ་ལ་གུས་འདུད་ཞུ”ཞེས་པའི་དྲག་ཆས་ཉེན་རྟོག་དཔུང་སྡེའི་བརྗོད་དོན་གཙོ་བོའི་བྱ་དགའ་སྤྲོད་པའི་མཛད་སྒོ་ཚེས་30ཉིན་གྱི་ཕྱི་དྲོར་པེ་ཅིང་དུ་འཚོགས་ཤིང་། དྲག་ཆས་ཉེན་རྟོག་ཧྲའན་ཤིས་ཞིང་ཆེན་སྤྱི་ཁྱབ་རུ་ཁག་གི་ཀྲེང་མིང་ཀང་སོགས་སྐབས་21པའི“ཀྲུང་གོའི་དྲག་ཆས་ཉེན་རྟོག་གི་ལྷག་བསམ་སྲུང་དམག་ཆེ་གྲས་བཅུའི”མཚན་སྙན་ཐོབ་པའི་དཔོན་དམག་བཅུར་གཟེངས་བསྟོད་བྱས་པ་དང་དྲག་ཆས་ཉེན་རྟོག་ཤིན་ཅང་སྤྱི་ཁྱབ་རུ་ཁག་གི་ཀྲུའུ་པའོ་ཝེ་སོགས་ཧྲེ་ཀོན་དམག་མི་10དང་ཀྲང་ཞའོ་ཧུང་སོགས་དམག་མིའི་བཟའ་ཟླ་10ལ“དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔེ་དམག་ཧྲེ་ཀོན་དམག་མི་ཆེ་གྲས་བཅུ”དང“དྲག་ཆས་ཉེན་རྟོག་དཔུང་སྡེའི་དམག་མིའི་བཟའ་ཟླ་ཆེ་གྲས་བཅུའི”གཟེངས་བསྟོད་ཐོབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།