འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུའུ་ཧའེ་ཉེན་རྟོག་ཕྱོགས་ཀྱིས་སྐད་འཕྲིན་ཚོགས་པའི་རྒྱན་འགྱེད་གྱོད་གཞི་ཞིག་མྱུལ་ཞིབ་
    བྱས་ནས་རྩད་ཆོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་23ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་སྐད་འཕྲིན་ཚོགས་པ་སྤྱད་ནས་རྒྱན་པོ་འགྱེད་པའི་གྱོད་གཞི་རྩད་ཞིབ་བྱས་ཏེ་རྒྱན་འགྱེད་ནག་ཚང་ཞིག་རྩ་མེད་བཟོས་ནས་ཉེས་གསོག་དོགས་ཅན་85བཟུང་བ་རེད།
         སྐད་འཕྲིན་ཚོགས་པའི་རྒྱན་འགྱེད་གྱོད་གཞིའི་ཁྲོད་ཀྱི་གྱོད་གཞི་ཞིག་ནི་ཉེས་གསོག་ཚོགས་པས་སྐད་འཕྲིན་གྱི“འཕྲུལ་མིའི”མཉེན་ཆས་ལ་བརྟེན་ནས་རྒྱན་པོ་འགྱེད་པ་ཞིག་རེད། རྒྱན་པོ་འགྱེད་མཁན་གྱིས་སྐད་འཕྲིན་ཚོགས་གཙོའི(རྒྱན་པོ་སྒྲིག་འཛུགས་པ)ས་ནས་ཉོས་པའི“སྐར་གྲངས”གཞིར་བཟུང་རྩིས་རྒྱག་གི་ཡོད། སྐད་འཕྲིན་ཚོགས་པའི་ཚོགས་གཙོས་གློག་ཀླད་རྩིས་རིམ་བརྒྱུད་མི་བརྒྱ་གྲངས་རྒྱན་འགྱེད་ནང་ཞུགས་པའི་རྣམ་པ་རྟོག་བཟོ་བྱེད་ཀྱི་ཡོད།
         འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་རྒྱན་འགྱེད་གྱོད་གཞིའི་ནང་ཙེང་ཆེ་གེ་མོ་དང་ཀྲུང་ཆེ་གེ་མོ་སོགས་མི་བཅུ་ལྷག་ཙམ་དང་། ཀྲང་ཆེ་གེ་མོ། དབྱང་ཆེ་གེ་མོ་སོགས་རེས་འཁོར་དང་པོར་བྱས་ཏེ། འགྲན་བསྡུར་གྱི་མཇུག་འབྲས་གཞིར་བཟུང་རྒྱན་པོ་འགྱེད་ས་བཙུགས་ཏེ་རྒྱན་པོ་འགྱེད་པ་མ་ཟད། ད་དུང་མངའ་ཁོངས་ཕྱིའི་ཁྲིམས་མཐུན་མིན་པའི་རྒྱན་འགྱེད་དྲ་བའི་འཇལ་ཚད་ལ་དཔེ་ལྟ་བ་དང་། སྐད་འཕྲིན་ཚོགས་པར་བརྟེན་ནས་རྒྱན་པོ་འགྱེད་མཁན་སྒྲིག་འཛུགས་བྱེད་ཅིང་། གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་སྟོང་ཕྲག་ལས་བརྒལ་ཡོད། མིག་སྔར་དྲ་རྒྱའི་རྒྱན་འགྱེད་བྱེད་ས་རྟོག་བཟོ་བྱས་པའི་དོགས་པ་ཡོད་པའི་དབང་གིས་མི་8ཉེས་དོན་བཀག་ཉར་བྱས་པ་དང་རྒྱན་འགྱེད་ལ་ཞུགས་མཁན་མི་8ལ་བདེ་འཇགས་སྲུང་སྐྱོང་གི་ཆད་པ་ཕོག་པ་རེད། བྲོས་བྱོལ་དུ་སོང་བའི་ཉེས་གསོག་དོགས་ཅན་ཉེན་རྟོག་ཕྱོགས་ཀྱིས་རྗེས་འདེད་གཏོང་བཞིན་ཡོད་པ་རེད།
         གཞན་ཡང་། དབྱང་མོ་ལུང་སོགས་ཀྱིས་ཀྲུའུ་ཧའེ་ཐང་ཅ་ཧོའུ་ཁེང་གྲོང་གསར་གྱི་རི་རྒྱབ་ཏུ་རྒྱན་པོ་འགྱེད་ས་བཙུགས་པའི་དོགས་པ་ཡོད་པ་རེད། རྒྱན་འགྱེད་ཚོགས་པ་དེའི་ནང་ཞུགས་མཁན་གྱི་རྐང་བདག་ངེས་གཏན་མེད་ལ་མི་སྣར་ཡང་རྒྱུན་དུ་འགྱུར་བ་ཆེན་པོ་འགྲོ་གི་ཡོད་ཅིང་། ཁོངས་མི་གཙོ་བོ་20ལྷག་ཙམ་ཡོད་པ་རེད། ཤོག་ཁའི་ནང་ལས་བགོས་ཁ་གསལ་བ་སྟེ། རྒྱན་པོ་འགྱེད་མཁན་ལ་དོ་དམ་བྱེད་མཁན་དང་། སྐྱེལ་བསུ་བྱེད་མཁན། ཁེ་བཟང་ལེན་མཁན། སོ་ལྟ་བྱེད་མཁན་བཅས་ཀྱི་ཆེད་མི་བཀོད་སྒྲིག་བྱས་ཡོད་པ་དང་། རྒྱན་འགྱེད་དུས་ཚོད་ནི་ཉིན་རེའི་ཉིན་དགུང་ནས་ཐོ་རེངས་བར་ཡིན་པ་རེད། མིག་སྔར་ཉེས་གསོག་དོགས་ཅན་24བཟུང་བ་དང་། དེའི་ནང་ནས་མི་19ཉེས་དོན་བཀག་ཉར་བྱས་པ་དང་མི་5ལ་སྲིད་འཛིན་ཆད་པ་བཅད་པ་རེད། ཤོག་ཁའི་ཉེས་གསོག་དོགས་ཅན་གཏེ་པོ་དབྱང་མོ་ལུང་སོགས་མི་13འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་ཟིན་པ་དང་གྱོད་གཞི་དང་འབྲེལ་བ་ཡོད་པའི་དངུལ་སྒོར་ཁྲི་48ལྷག་ཙམ་བཀག་འཇོག་བྱས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།