འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་དཔེ་དེབ་དངོས་མང་སྟོན་ཚོགས་སྐབས་ཉེར་བརྒྱད་པས“རྒྱལ་ཡོངས་ཀྱི་
    དཔེ་དེབ་རྩེ་གྲ་འགྲེམས་སྟོན”བྱས་ནས་དཔེ་སྐྲུན་གྲུབ་འབྲས་མངོན་པར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་23ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཀོང་ཏུང་ཧྲེན་ཀྲེན་དུ་འཚོག་བཞིན་པའི་རྒྱལ་ཡོངས་དཔེ་དེབ་ཉོ་ཚོང་དངོས་མང་སྟོན་ཚོགས་སྐབས་ཉེར་བརྒྱད་པའི་ཐོག རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཧྲུའུ་ཡིས་གཙོ་གཉེར་དང་ཧྲང་ཧའེ་གྲོང་ཁྱེར་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་གཉེར་འགན་འཁུར་བའི“རྒྱལ་ཡོངས་ཀྱི་དཔེ་དེབ་རྩེ་གྲ་འགྲེམས་སྟོན”བྱས་ནས་དཔེ་དེབ་རིགས་2000ལྷག་དང་གྲངས་འབོར་2500ལྷག་འགྲེམས་སྟོན་བྱས་ནས་ལྟ་སྐོར་བ་ཚོའི་ཡིད་དབང་བཀུག་པ་རེད།
        གསར་འགོད་པས་ཧྲེན་ཀྲེན་ཚོགས་འགྲེམས་ལྟེ་གནས་དཔེ་དེབ་དངོས་མང་སྟོན་ཚོགས་གཉེར་ཡུལ་དུ། དཔེ་དེབ་རྩེ་གྲ་འགྲེམས་སྟོན་གྱིས“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་རྒྱུ”བརྗོད་དོན་གཙོ་བོར་བྱེད་པ་དང་། ལྷབ་ལྷུབ་ཏུ་གཡོ་བཞིན་པའི་དར་ཆ་གཉིས་བཀོད་པ་གཙོ་བོར་བྱས་པ་དེས་དུས་རབས་གསར་པར་བྱས་རྗེས་གསར་པ་བཞག་ནས་ལེའུ་གསར་པ་རྩོམ་དགོས་པ་མཚོན་ཡོད་པ་རེད།
         འགྲེམས་ཁུལ་གྱི་ལྟེ་གནས་སུ་《ཞི་ཅིན་ཕིང་གི་སྒྱུར་བཅོས་སྒོ་དབྱེའི་དགོངས་པ་ཞིབ་འཇུག་》དང་། 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྐོར་གྱི་སློབ་ཚན་སུམ་ཅུ་》 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》སོགས་ཡིག་རིགས་མི་འདྲ་བའི་དཔར་གཞི་སྣ་ཚོགས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཡོད་པ་དང་། མཐའ་འཁོར་དུ་བསམ་པའི་དཔལ་ཡོན་སྲོལ་གཏོད་སྐོར་གྱི“ཁག་གཅིག་རེ་ལྔའི་འདུ་འགོད”ཀྱི་བྱ་དགའ་ཐོབ་པའི་བརྩམས་ཆོས་དང་། ཀྲུང་གོའི་དཔེ་སྐྲུན་གྱི་སྲིད་གཞུང་བྱ་དགའ་ཐོབ་པའི་བརྩམས་ཆོས། རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རོགས་དངུལ་རྣམ་གྲངས་ཀྱི་གྲུབ་འབྲས། ཀུན་གྱིས་དགའ་པོ་བྱེད་པའི་བརྩམས་ཆོས་སོགས་དཔེ་དེབ་རིགས་50དང་དེ་བཞིན་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་ལ་འོས་སྦྱོར་བྱས་པའི་ཕུལ་བྱུང་དཔེ་སྐྲུན་དངོས་པོ་རིགས་100སོགས་ཀྱི་དཔེ་དེབ་རྩེ་གྲའི་རིགས་སྣ་ཚོགས་འགྲེམས་སྟོན་བྱས་པ་རེད།
         ཀློག་པ་པོ་མང་པོ་ཞིག་གིས་《ཞི་ཅིན་ཕིང་གིས་ལོ་ངོ་བདུན་རིང་གཞོན་ནུ་ཤེས་ཡོན་ཅན་གནང་སྐབས་ཀྱི་ལོ་ཟླ་》དང་། 《དབུལ་ཕོངས་ལས་བསྒྲལ་བ་》 《ལེའང་ཅཱ་གཙང་པོ་》སོགས་ཀྱི་དཔེ་དེབ་ལ་ཧ་ཅང་དགའ་པོ་བྱེད་ཅིང་། 《ཞི་ཅིན་ཕིང་གིས་ལོ་ངོ་བདུན་རིང་གཞོན་ནུ་ཤེས་ཡོན་ཅན་གནང་སྐབས་ཀྱི་ལོ་ཟླའི་》ནང་འཁོད་པའི་དོན་དག་ཚང་མ་ཧ་ཅང་གསོན་ཉམས་ལྡན་ཞིང་ཚིག་སྦྱོར་ཡང་གོ་བདེ་བས་ཀློག་པ་པོར་སེམས་འགུལ་ཐེབས་སུ་འཇུག་པའི་ནུས་པ་ཁྱད་པར་ཅན་ཞིག་ལྡན་འདུག་ཅེས་ཧུའུ་ནན་ནས་ཡོང་བའི་ལྟ་སྐོར་བ་ཧོ་ཡཱ་ཝུན་གྱིས་བརྗོད།
         སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་ལོ་རྒྱུས་སྐོར་གྱི་དཔེ་དེབ་ཕུད་ད་དུང་ཚན་རྩལ་དང་། གསོ་རིག བྱིས་པའི་རྩོམ་རིག་སོགས་སྐོར་གྱི་དཔེ་དེབ་ཀྱང་འགྲེམས་སྟོན་བྱས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།