འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ཁེ་ལས་ཀྱིས་ནུས་རྒྱུ་གཙང་མའི་ཐོན་ལས་དབུལ་སྐྱོར་ལས་སྟེགས་བཏོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་17ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་ཁེ་ལས་ཀྱི་ས་ཁུལ་དབུལ་པོའི་ཐོན་ལས་མ་འཇོག་ཐེབས་རྩ་ལྷན་ཚོགས་ཀྱིས་ཉིན་ཤས་གོང་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་ཁང་ཚོགས་པ་ཚད་ཡོད་ཀུང་སི་དང་གྲོས་མཐུན་བཞག་ནས། ཕྱོགས་གཉིས་པོས་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་དབུལ་སྐྱོར་ལས་སྟེགས་མཉམ་དུ་བཏོད་དེ་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་12ལ་ནུས་རྒྱུ་གཙང་མའི་རྣམ་གྲངས་17འཛུགས་སྐྲུན་བྱས་ནས་མི་འབོར་དབུལ་པོ་གནད་སྨིན་དབུལ་སྒྲོལ་ཐུབ་རྒྱུར་རམ་འདེགས་བྱས་ཡོད་པ་རེད།
            ཀྲུང་དབྱང་ཁེ་ལས་ཀྱི་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་7བཏང་བ་དང་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་ཁང་ཚོགས་པ་ཚད་ཡོད་ཀུང་སིས་མ་དངུལ་སྒོར་དུང་ཕྱུར་16.3ཙམ་བཏང་སྟེ། ཆེད་མངགས་རླུང་ཤུགས་གློག་འདོན་ཚད་ཡོད་ཀུང་སི་བཙུགས་ནས་གློག་འདོན་ཚད་ཆན་ཝ་ཁྲི་160.83ཟིན་པའི་ནུས་རྒྱུ་གཙང་མའི་ཐོན་ལས་དབུལ་སྐྱོར་ལས་སྟེགས་བཏོད་དེ་ཀོང་ཤིས་དང་། སི་ཁྲོན་སོགས་ཞིང་ཆེན་8ཀྱི་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་12ལ་རླུང་ཤུགས་གློག་འདོན་དང་འོད་ཤུགས་གློག་འདོན་སོགས་ཀྱི་རྣམ་གྲངས་17འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རེད།
          མི་འབོར་དབུལ་པོ་གནད་སྨིན་དབུལ་སྒྲོལ་ཐུབ་རྒྱུར་རམ་འདེགས་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན་པའི་ངོས་ནས་བརྗོད་ན། རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་དང་“གནད་སྨིན”སྦྲེལ་མཐུད་བྱེད་པའི་རླུང་གློག་རྣམ་གྲངས་17དེ་དག་འཛུགས་སྐྲུན་བྱེད་རིང་ས་གནས་དེ་གར་ཐད་ཀར་དང་གཞན་བརྒྱུད་ཀྱི་ཐོག་ནས་ལས་ཞུགས་ལས་གནས་3000ལྷག་ཙམ་མཁོ་འདོན་བྱས་ནས། ཡོང་འབབ་སྒོར་ཁྲི་3000འཕར་བ་དང་། འགྲོ་ལམ་སྤྱི་ལེ་270གསར་སྐྲུན་རྒྱས་སྐྲུན། གློག་ལམ་སྤྱི་ལེ་190གསར་སྐྲུན་བཅས་བྱ་རྒྱུ་རེད། རྣམ་གྲངས་དེ་བསྐྲུན་རྗེས་ས་གནས་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་ལ་ལས་ཞུགས་ལས་གནས་200ལྷག་ཙམ་མཁོ་འདོན་བྱ་རྒྱུ་དང་། ལོ་ལྟར་ས་གནས་དེ་གར་ཞལ་འདེབས་སྒོར་ཁྲི་700ལྷག་ཙམ་བརྒྱབ་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁྲོད་ཀྱི་ནུས་ཤུགས་ཤོར་བ་དང་དབང་པོ་སྐྱོན་ཅན་སོགས་ངལ་ནུས་མེད་མཁན་ལ་ཁ་ཕྱོགས་གཏན་འཁེལ་གྱིས་རོགས་སྐྱོར་བྱས་ནས་མ་འཇོག་བྱེད་རིང་མི་གྲངས་11885ལ་ཐ་སྐྱོང་རོགས་སྐྱོར་བྱ་རྒྱུ་ཡིན་པ་རེད།
     
      

    ཕྱོགས་བསྡུས་གསར་འགྱུར།