འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས“འཕུར་མདའ་གཅིག་གིས་སྲུང་སྐར་གཉིས”ཀྱི་ཐབས་ལ་བརྟེན་ནས་
    ཕ་ཁི་སི་ཐན་གྱི་སྲུང་སྐར་2འཕེན་གཏོང་ལམ་ལྷོངས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་11ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་9ཉིན་གྱི་ཆུ་ཚོད་11དང་སྐར་མ་56ཐོག་རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་དང་དེ་བཞིན་སྟེང་རིམ་མེ་ཤུགས་འཕུར་མདའ་དང“འཕུར་མདའ་གཅིག་གིས་སྲུང་སྐར་གཉིས”ཀྱི་ཐབས་ལ་བརྟེན་ནས་ཕ་ཁི་སི་ཐན་རྒྱང་ཚོར་སྲུང་སྐར་ཨང་དང་པོ་དང་ཚན་རིག་ཚོད་ལྟའི་སྲུང་སྐར“pakTES-1A”འཕེན་གཏོང་ལམ་ལྷོངས་བྱུང་བ་དང་སྲུང་སྐར་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་སླེབས་པ་རེད། དེ་ནི་ཕ་ཁི་སི་ཐན་གྱི་འཕྲིན་གཏོང་སྲུང་སྐར་1Rརྗེས་སུ་ཀྲུང་ཕ་ཕྱོགས་གཉིས་པོས་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ནང་གི་མཉམ་ལས་གཞན་ཞིག་རེད།
         ཕ་ཁི་སི་ཐན་རྒྱང་ཚོར་སྲུང་སྐར་ཨང་དང་པོ་ནི་ཀྲུང་གོ་བར་མཐོངས་ལག་རྩལ་ཞིབ་འཇུག་ཁང་འཇིག་རྟེན་འཕུར་སྐྱོད་ཤར་ཕྱོགས་དམར་སྲུང་སྐར་ཚད་ཡོད་ཀུང་སིས་ཕ་ཁི་སི་ཐན་ལ་ཞིབ་བཟོ་བྱེད་རོགས་བྱས་པའི་འོད་རིག་རྒྱང་ཚོར་སྲུང་སྐར་ཞིག་ཡིན་པ་དང་གཙོ་བོ་ཕ་ཁི་སི་ཐན་རྒྱལ་ཁབ་ས་ཆའི་ཐོན་ཁུངས་ཡོངས་བཤེར་དང་། ཁོར་ཡུག་སྲུང་སྐྱོང་། གནོད་འཚེ་ལྟ་ཞིབ་ཚད་ལེན་དང་དོ་དམ། ཞིང་ལས་སྐྱེ་དངོས་ཐོན་ཚད་ཚོད་རྩིས། གྲོང་ཁྱེར་འཆར་འགོད་སོགས་ཁྱབ་ཁོངས་ནང་སྤྱོད་པ་དང་ཕ་ཁི་སི་ཐན་གྱི་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་དང་། མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བ། སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་དང་ཀྲུང་ཕའི་་དཔལ་འབྱོར་བར་ཁྱམས་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཐད་བར་མཐོངས་ཀྱི་རྒྱང་ཚོར་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། “pakTES-1A”ནི་ཕ་ཁི་སི་ཐན་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཚན་རིག་ཚོད་ལྟའི་སྲུང་སྐར་ཞིག་ཡིན་པ་དང་སྲུང་སྐར་ལས་སྟེགས་ཀྱི་ལག་རྩལ་ཞིབ་དཔྱད་ར་སྤྲོད་ལས་དོན་ཐད་གཙོ་བོ་སྤྱོད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།