འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་མཇལ་འཛོམས་ཀྱི་
    ཡིག་ཆ་བརྗེ་རེས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་10ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་9ཉིན། ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོའོ་ཕུའུ་ཡིས། ཨུ་རུ་སུ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་གཙོ་བདག་མཇལ་འཛོམས་ཀྱི་ཡིག་ཆ་བརྗེ་རེས་བྱས་ཡོད་ཅེས་བརྗོད།
           ཟླ་7ཚེས་9ཉིན་ཐ་སི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཕེ་སི་ཁོའོ་ཕུའུ་ཡིས་། ཨུ་རུ་སུ་དང་ཨ་རིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་མཇལ་འཛོམས་ཀྱི་ཡིག་ཆ་བརྗེ་རེས་བྱེད་བཞིན་ཡོད་ཅིང་། ཡིག་ཆ་དེའི་ནང་དོན་ཙུང་ཐུང་གཉིས་པོའི་གནད་དོན་མི་འདྲ་བར་འཛིན་པའི་རྩ་བའི་ལངས་ཕྱོགས་དང་འབྲེལ་བ་ཡོད་པ་བཤད་ཡོད།
          ཕེ་སི་ཁོའོ་ཕུའུ་ཡིས། ཕྱི་འབྲེལ་གྱི་རྒྱུན་སྲོལ་ལྟར། མིག་སྔར་ཨུ་རུ་སུ་དང་ཨ་རིའི་ཙུང་ཐུང་གཉིས་མཇལ་འཛོམས་གནང་རྒྱུའི་གྲ་སྒྲིག་བྱེད་མགོ་བརྩམས་ཤིང་ཡོད་པ་དང་།  ལངས་ཕྱོགས་ཡིག་ཆ་བརྗེ་རེས་བྱེད་བཞིན་ཡོད། དེའི་ཁྱབ་ཁོངས་ནི་ཕྱོགས་གཉིས་ཀའི་བསམ་འཆར་མི་གཅིག་པའི་གནད་དོན་དང་གཅིག་མཐུན་གྱི་གྲོས་གཞི་འཚོལ་བ་ཡང་ཚུད་ཡོད་ཅེས་བརྗོད།
           ཨུ་རུ་སུའི་ཙུང་ཐུང་གསར་འགྱུར་ཅུས་ཀྱིས་ཟླ་6ཚེས་28ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཟླ་7ཚེས་16ཉིན་ཧྥིན་ལན་གྱི་རྒྱལ་ས་ཧེར་སིན་ཁི་རུ་མཇལ་འཛོམས་གནང་རྒྱུ་ཡིན་ཞིང་།  ཨ་རིའི་ཕོ་བྲང་དཀར་པོས་ཀྱང་གནས་ཚུལ་དེ་ར་སྤྲོད་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།