འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།"ཨ་མ་རྒན་མོ"ལུང་ཆོན་ཀྲེན་ལ"ཆབ་སྲིད་ཀྱི་འཁྲུངས་སྐར"བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་05ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། “རང་ཉིད་ཏང་ནང་ཞུགས་ནས་ལོ་60ལྷག་ཙམ་སོང་རིང‘ཆབ་སྲིད་ཀྱི་འཁྲུངས་སྐར’གཏོང་ཐེངས་ཐོག་མ་དེ་ཡིན་པས་ཏང་རྩ་འཛུགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཏང་ནང་ཞུགས་པ་དེ་ཐོག་ནས་ཚེ་སྲོག་གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་ལ་ཕུལ་བ་མཚོན་ཡོད”བདུན་གཅིག་གི་གོང་དུ་རྒྱལ་འཛུགས་དམག་དཔོན་ཆེ་མོ་ཀན་ཙུའུ་ཁྲང་གི་བཟའ་ཟླ་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང——“ཨ་མ་རྒན་མོ”ལུང་ཆོན་ཀྲེན་གྱིས་དམིགས་བསལ་གྱི“འཁྲུངས་སྐར”ཞིག་བཏང་བ་རེད།
              1957ལོར་དམག་དཔོན་ཆེ་མོ་ཀན་ཙུའུ་ཁྲང་རང་འགུལ་ངང་དགོངས་པ་ཞུས་ནས་རང་ཡུལ་དུ་ཕྱིར་ལོག་ཕེབས་ཤིང་། ལུང་ཆོན་ཀྲེན་གྱིས་ཟླ་བོ་དང་མཉམ་དུ་ཅང་ཤིས་ཞིང་ཆེན་ཕིང་ཤང་གྲོང་ཁྱེར་ལན་ཧྭ་རྫོང་དུ་ལོག་ནས“ཞིང་པ་བྱས་པ་རེད”1986ལོར་དམག་དཔོན་ཆེ་མོ་ཀན་ཙུའུ་ཁྲང་སྙུན་གཞིས་རྐྱེན་པས་སྐུ་གཤེགས་པ་དང་། ཁོང་གི་བཟའ་ཟླས་གོམ་པ་སྤོ་མཚམས་མ་བཞག་པར་མུ་མཐུད་སློབ་གྲྭ་དང་སྡེ་ཁུལ་དུ་སྐྱོད་ནས་དམག་དཔོན་ཆེ་མོའི་དཀའ་སྤྱད་འབད་འཐབ་དང་། དབུལ་སྐྱོར་དཀའ་སེལ། མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་བཅས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཡོད།
              ཏང་ཡོན་ཚོར“ཆབ་སྲིད་ཀྱི་འཁྲུངས་སྐར”གཏོང་རྒྱུ་ནི་ཕིང་ཤང་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་འདི་ལོ་ནུས་ཤུགས་ཡོད་རྒུས་སྒྲིག་འཛུགས་བྱས་ནས་སྤེལ་བའི་བྱེད་སྒོ་ཞིག་རེད། “ང་ཚོས་ད་བར་ཨ་མ་ལུང་ལགས་ལ་ཆེད་དུ་ཆབ་སྲིད་ཀྱི་འཁྲུངས་སྐར་ཞིག་གཏོང་རྩིས་ཡོད”ཅེས་ལན་ཧྭ་རྫོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལིན་ཅུན་ཅང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་ངོ་སྤྲོད་བྱས་དོན། ཡིག་ཚགས་ཡང་སྐོར་བསྐྱར་སྐོར་ངང་ཞིབ་དཔྱད་བྱས་པ་བརྒྱུད། ལན་ཧྭ་རྫོང་ཨུད་རྩ་འཛུགས་པུས་ལུང་ཆོན་ཀྲེན་ནི་1952ལོའི་ཟླ་6ཚེས་27ཉིན་ཤིན་ཅང་དམག་ཁུལ་ཐད་གཏོགས་དཔུང་སྡེའི་ཏང་གི་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་ཞིག་རེད་ཅེས་བཤད།
            “1952ལོའི་ཟླ་6ཚེས་27ཉིན་ང་གཟི་བརྗིད་ལྡན་པའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་དེ་རིང་ནི་ངའི་ཆབ་སྲིད་ཀྱི་འཁྲུངས་སྐར་ཡིན། ཏང་རྩ་འཛུགས་ཀྱིས་ང་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་བྱུང”ཞེས་ལུང་ཆོན་ཀྲེན་གྱིས་བཤད། རྩ་འཛུགས་སྡེ་ཚན་གྱིས་ཟླ་6ཚེས་27ཉིན་ལུང་ཆོན་ཀྲེན་ལ་ཏང་རྩ་འཛུགས་ཀྱི“འཁྲུངས་སྐར་གྱི་བྱམས་སྐྱོང”སྟེ། ཆབ་སྲིད་ཀྱི་འཁྲུངས་སྐར་གྱི་རྟེན་འབྲེལ་ཤོག་བྱང་དང་། 《ཏང་ནང་ཞུགས་པའི་འདོད་འདུན་ཡི་གེའི་》བསྐྱར་སློག་ཅིག གསར་བརྗེའི་ནང་མིའི་འཕྲིན་ཡིག་ཆ་ཚང་ཞིག ཀན་ཙུའུ་ཁྲང་དང་ལུང་ཆོན་ཀྲེན་རང་ཡུལ་དུ་ཕྱིར་ལོག་བྱས་ནས་ལོ་60འཁོར་བའི་དྲན་གསོའི་སྦྲག་དེབ་ཅིག་བཅས་སྤྲད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།