འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་ཐང་ཆེན་ཞབས་བྲོའི་འགྲེམས་འཁྲབ་བྱེད་སྒོ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་05ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར་རིག་གནས་དང་ཡུལ་སྐོར་པུའུ་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས། མཉམ་དུ་གཙོ་སྒྲུབ་བྱས་པའི་རྒྱལ་ཡོངས་ཐང་ཆེན་ཞབས་བྲོའི་འགྲེམས་འཁྲབ་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།
               འགྲེམས་འཁྲབ་བྱེད་སྒོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་དམིགས་ཏེ། མཐུན་སྒྲིལ་དང་། ཡར་བརྩོན། རྟེན་འབྲེལ། ཞི་མཐུན་བཅས་ཀྱི་གཞི་རྩར་དམ་པོར་གཞིགས་ནས། གཞི་རིམ་དུ་སྒྲུབ་པ་དང་གཞི་རིམ་དུ་འཁྲུག་པོ་སྒྲུབ་རྒྱུར་ཤུགས་བརྒྱབ་པ་དང་། དུས་རབས་གསར་པ་དང་ཧུར་བརྩོན་ཉམས་བཟང་མངོན་རྒྱུར་ཤུགས་སྣོན་བརྒྱབ་ཡོད། བྱེད་སྒོ་སྤེལ་བའི་དུས་ཚོད་ནི་ཟླ་7པ་ནས་ཟླ་10པའི་བར་ཡིན། རྫོང་དང་། གྲོང་ཁྱེར། ཞིང་ཆེན་བཅས་ཀྱིས་རིམ་པ་བཞིན་འགྲེམ་འཁྲབ་བྱ་རྒྱུ་དང་སྔོན་ལ་རྫོང་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་འགྲེམ་འཁྲབ་ནང་ནས་རང་ས་ཁུལ་གྱི་ཐང་ཆེན་ཞབས་བྲོ་ཚོགས་པ་ཕུལ་བྱུང་ཁག་གཅིག་གདམ་རྒྱུ་རེད། ཞིང་ཆེན(རང་སྐྱོང་ལྗོངས། གྲོང་ཁྱེར)ཁག་གིས་གཞི་རིམ་དུ་འགྲེམས་འཁྲབ་བྱས་པའི་རྨང་གཞིའི་ཐོག་ཞིང་ཆེན་ཡོངས་སུ་འགྲེམ་འཁྲབ་བྱེད་སྒོ་གཅིག་སྡུད་ངང་སྤེལ་ནས་ས་གནས་ཀྱི་ཁྱད་ཆོས་མངོན་པ་དང་གཞི་ཁྱོན་ཆེན་པོ་ཆགས་པར་བྱ་རྒྱུ་དང་འབྲེལ་ཐང་ཆེན་ཞབས་བྲོའི་རུ་ཁག་ཕུལ་བྱུང་བདམས་ནས་པེ་ཅིང་དུ་གཅིག་སྡུད་འགྲེམས་འཁྲབ་བྱེད་སྒོའི་ནང་ཞུགས་རྒྱུར་འོས་སྦྱོར་བྱ་རྒྱུ་རེད། ཟླ་10པའི་ཟླ་སྨད་དུ་ཞིང་ཆེན་ཁག་གི་ཐང་ཆེན་ཞབས་བྲོའི་རུ་ཁག་ཕུལ་བྱུང་རྒྱལ་ཁབ་ལུས་རྩལ་ར་བར(བྱ་ཚང)གཉེར་བའི་པེ་ཅིང་གི་གཅིག་སྡུད་འགྲེམས་འཁྲབ་ནང་ཞུགས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།