འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ས་གནས་ཁག་གིས་ས་གཤིས་ཀྱི་གནོད་འཚེར་ནུས་ཤུགས་ཡོད་རྒུས་འགོག་ཟོན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་05ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཚེས་2ཉིན་གསར་འགོད་པས་སི་ཁྲོན་ཞིང་ཆེན་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་ནས་ཤེས་རྟོགས་བྱས་པར། ཉིན་ཤས་རིང་། སི་ཁྲོན་དུ་བསྟུད་མར་དྲག་ཆར་བབས་པ་དང་། ཟླ་6ཚེས་29ཉིན་ནས་ད་བར་སི་ཁྲོན་ས་གནས་ཁག་ལ་གཞི་ཁྱོན་ཅུང་ཆེ་བའི་ས་གཤིས་ཀྱི་གནོད་འཚེ་ཕོག་པའི་ནང་ཉེན་ཁའི་གནས་ཚུལ་34ལྷག་པ་དང་། མི་ཁྲི་1.9ལྷག་ཛ་དྲག་ངང་ཉེན་གཡོལ་གནས་སྤོ་བྱེད་དགོས་བྱུང་བ་རེད།
              སི་ཁྲོན་ས་གནས་ཁག་གིས་གེགས་འགོག་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་བློ་ཐག་ཆོད་པོ་དང་འཕྲལ་ཐག་ཆོད་པོས་རང་འགུལ་ངང་སྔོན་འགོག་དང་ཉེན་གཡོལ་གྱི་ལས་དོན་སྒྲིག་འཛུགས་བྱས་ཤིང་། ཁྲེང་ཏུའུ་གྲོང་ཁྱེར་དུ་ས་གཤིས་གནོད་འཚེའི་གནས་ཚུལ་ཁྱོན་26ལྷག་པ་ཚང་མ་གནོད་འཚེ་ཆུང་ངུ་ཡིན་པས་མི་སྣ་ཤི་རྨས་བྱུང་མེད། དྲག་ཆར་བབས་རིང་། ནེ་ཅང་གྲོང་ཁྱེར་གྱི་རྫོང(ཆུས)3གྱི་ཤང་གྲོང་རྡལ་11ལ་གནོད་འཚེ་ཕོག་ཡོད། འགོག་ཟོན་ལས་དོན་གནད་སྨིན་བྱུང་བར་བརྟེན་ས་གཤིས་ཀྱི་གནད་འཚེའི་ཉེན་ཁ་འཕྲད་པའི་དུད་ཚང་710ཡི་མང་ཚོགས་2066སྔོན་ནས་ཉེན་གཡོལ་གནས་སྤོ་བྱེད་དུ་བཅུག་པས་ཤི་རྨས་ཀྱི་གནས་ཚུལ་གང་ཡང་ཐོན་མེད།
      

    ཕྱོགས་བསྡུས་གསར་འགྱུར།