འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་དུ་ཏང་ཡོན་ཁྲིམས་རྩོད་པ་ཁྲི་11.7ལྷག་ཙམ་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་05ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། 2017ལོའི་ལོ་མཇུག་བར་རང་རྒྱལ་དུ་ལས་གཉེར་ཁྲིམས་རྩོད་པ་ཁྲི་36.5ཡོད་པའི་ནང་། ཏང་ཡོན་ཁྲིམས་རྩོད་པ་ཁྲི་11.7ལྷག་ཙམ་ཡོད་པ་རེད། དེ་ནི་གསར་འགོད་པར་ཚེས་2ཉིན་ཀྲུང་ཧྭ་རྒྱལ་ཡོངས་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་འཚོགས་པའི་རྒྱལ་ཡོངས་ཀྱི་ཁྲིམས་རྩོད་པའི་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
              ད་རེས་ཀྱི་ཚོགས་འདུར་རྒྱལ་ཡོངས་ཀྱི་ཁྲིམས་རྩོད་པའི་ལས་རིགས་ནས་ཡོང་བའི་སྔོན་ཐོན་ཏང་རྩ་འཛུགས་95དང་ཕུལ་བྱུང་ཏང་ཡོན་198ལ་གཟེངས་བསྟོད་སྤྲད་པ་དང་། ན་ནིང་རྒྱལ་ཡོངས་ཀྱི་ཁྲིམས་རྩོད་པའི་ལས་རིགས་ཀྱི་ཏང་ཨུད་བཙུགས་ཚུན། ས་ཁུལ་དང་གྲོང་ཁྱེར་གྱི་རིམ་པ་དང་པོའི་ཁྲིམས་རྩོད་པའི་མཐུན་ཚོགས་ལ་ཏང་རྩ་འཛུགས་གཞི་རྩའི་ཆ་ནས་ཁྱབ་ཡོད་པ་རེད།
             ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོ་དང་བསྡུར་ན་2017ལོར་རྒྱལ་ཡོངས་སུ་ལས་གཉེར་ཁྲིམས་རྩོད་པའི་གྲངས་འབོར་11.5%འཕར་བ་དང་། ཏང་ཡོན་ཁྲིམས་རྩོད་པ་18.2%འཕར་བ། ཏང་ཡོན་ཁྲིམས་རྩོད་པའི་གྲངས་འབོར་འཕར་ཚད་དེ་ལས་གཉེར་ཁྲིམས་རྩོད་པའི་སྤྱིའི་མི་གྲངས་འཕར་ཚད་ལས་བརྒྱ་ཆའི་གྲངས་6.7གྱིས་མཐོ་བ་ཡོད། དེ་ཐོག་ནས་ཁྲིམས་རྩོད་པའི་ལས་རིགས་ཀྱིས་ཏང་འཛུགས་སྐྱོང་ལས་དོན་སྤེལ་ནས་ལོ་གཅིག་སོང་རིང་མངོན་གསལ་དོད་པའི་གྲུབ་འབྲས་གང་ལེགས་མཚོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།