འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཏ་རྡོ་སྣུམ་གྱིས་ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་ནུས་རྒྱུ་མཉམ་ལས་ཐད་གཉིས་ཁེ་གཉིས་ཕན་
    ཡོང་རྒྱུར་ནུས་ཤུགས་བཏོན་པ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀོན་ཅན་ཝུའུ་ཡིས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་05ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། ཁེར་གྷི་སི་ཐན་གྱི་ཁྲུའུ་ཧོ་ཀྲོའུ་གཱ་ལ་པ་ཏེ་གྲོང་ཁྱེར་ཤར་ཕྱོགས་ཀྱི་བཟོ་ལས་གླིང་དུ་དེང་རབས་ཅན་གྱི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭ་སྟེ་ཀྲུང་ཏ་ཀྲུང་གོ་རྡོ་སྣུམ་ཀུང་སི་འགྱིར་ངེར་གནས་ཡོད་པ་རེད། དེ་ནི་ལྕི་བའི་བཟོ་ལས་ཧ་ལམ་མེད་པའི་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཏུ་ཀྲུང་ཏ་རྡོ་སྣུམ་གྱིས་ས་གནས་དེ་གའི་འཕེལ་རིམ་ཁྲོད་གནས་པར་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་གཉིས་ཕན་གྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་བཀོད་ཡོད།
              ཉིན་གུང་གི་མེ་ལྟར་ཚ་བའི་ཉི་མའི་ཚ་གདུང་གིས་ཀྲུང་ཏ་རྡོ་སྣུམ་བཟོ་ཁུལ་གྱི་སྤྱི་ཆིང་350ཡི་ས་ཆ་འཚིག་པ་ལྟར་བྱས། གཙང་ལ་གྲལ་འགྲིག་པའི་བཟོ་ཁུལ་དུ“བདེ་འཇགས་ཨང་དང་པོ་དང་སྔོན་འགོག་གཙོ་བོར་བྱེད”ཅེས་པའི་ཀྲུང་གོ་དང་ཨུ་རུ་སུའི་ཡི་གེ་མཉམ་དུ་བཀོད་པའི་སྦྱར་ཡིག་ཆེན་པོ་ཞིག་མིག་མདུན་དུ་འཆར། གསར་འགོད་པས་བདེ་འཇགས་ཞྭ་མོ་གྱོན་ཏེ་ལས་དོན་མི་སྣ་དང་མཉམ་དུ་བཙོ་སྦྱང་ཁང་དུ་སྐྱོད།
              རྟག་ཏུ་མི་གཞན་གྱིས་རང་ཉིད་ལ་ལས་ཀ་གང་དུ་ཡོད་དམ་ཞེས་འབྲི་སྐབས་ངས་སྤོབས་པ་ཆེན་པོས“ཀྲུང་ཏ་ཀུང་སིར”ཡོད་ཅེས་བརྗོད་ཀྱི་ཡོད། ལོ་གསུམ་དང་ལོ་ཕྱེད་ཀྱི་གོང་དུ་ལོ་43ལ་སོན་པའི་ཡིའུ་ལི་ཡས་ཀྲུང་ཏ་རྡོ་སྣུམ་ཀུང་སིར་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་བསྐྱལ་བ་དང་ད་ཆ་ཁོང་ཀུང་སི་དེའི་ས་གནས་དེ་གའི་ལས་བཟོ་ཆིག་སྟོང་ཁྲོད་ཀྱི“བསླབ་པ་རྒན་གྲས”ཤིག་ཏུ་གྱུར་ཡོད། ཁོང་གིས་དཔེ་མཚོན་སྣུམ་ཞིབ་བཤེར་ཚད་ལེན་བྱེད་ཞོར་དུ་གསར་འགོད་པའི་བཅར་འདྲི་དང་ལེན་བྱས།
             ཡིའུ་ལི་ཡས“འདི་གར་ལས་ཀ་བྱེད་པར་ཡོང་འབབ་བརྟན་པོ་ཡོད་པས་བློ་ཡིད་ཚིམས་པོ་འདུག”ཅེས་བཤད།
            2010ལོར་ཧྲའན་ཤིས་སོལ་རླངས་རྫས་འགྱུར་བཟོ་ལས་ཚད་ཡོད་ཚོགས་པ་ཀུང་སིས་ཁེར་གྷི་སི་ཐན་དུ་མ་འཇོག་བྱས་ནས་ཨེ་ཤེ་ཡ་དབུས་མའི་ནུས་རྒྱུ་ཀུང་སི་བཙུགས་པ་རེད། ལོ་དེ་རང་དུ་ཨེ་ཤེ་ཡ་དབུས་མའི་ནུས་རྒྱུ་ཀུང་སིས་ཁེར་གྷི་སི་ཐན་དུ་ཨ་སྒོར་དུང་ཕྱུར་5བཏང་ནས་ཀྲུང་ཏ་རྡོ་སྣུམ་བཙོ་སྦྱང་སྣུམ་གྱི་རྣམ་གྲངས་བཙུགས་པ་དང་2013ལོའི་ལོ་མཇུག་ཏུ་རྣམ་གྲངས་དེ་སྤྱིར་ན་སྐྲུན་ཟིན་ནས་འཁོར་སྐྱོད་བདེ་བླག་བྱུང་རྗེས་འདི་ལོའི་ལོ་འགོར་ཐོན་སྐྱེད་བྱེད་འགོ་དངོས་སུ་ཚུགས་པ་རེད།
             ཨེ་ཤེ་ཡ་དབུས་མའི་ནུས་རྒྱུ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཡའོ་ཀའོ་མིན་གྱིས་རྣམ་གྲངས་དེ་ལག་བསྟར་བྱེད་འགོ་ཚུགས་རྗེས་སྐྱེལ་འདྲེན་དང་ཞབས་ཞུ་སོགས་ལས་རིགས་ཐད་ཀུང་སི་དེས་མི་གྲངས་2000ལྷག་ཙམ་ལས་ཞུགས་ཐུབ་པ་བྱས་ཡོད། ཀུང་སིའི་ཐོན་ལས་འབྲེལ་ཐག་རིམ་བཞིན་འཐུས་སྒོ་ཚང་དུ་འགྲོ་བ་དང་བསྟུན་ནས་སྔོན་རྩིས་ལྟར་ན་ལོ་གསུམ་གྱི་རྗེས་སུ་ཀུང་སི་དེར་ས་གནས་དེ་གའི་ལས་བཟོ་5000ལྷག་ཙམ་ལས་ཞུགས་ཐུབ་རྒྱུ་རེད་ཅེས་བཤད།
             གཉིས་ཁེ་གཉིས་ཕན་ནི་ཀྲུང་ཏ་རྡོ་སྣུམ་གྱིས་ཁེར་གྷི་སི་ཐན་རྒྱལ་ཁབ་ཏུ་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་གཞི་ཚུགས་ས་ཡིན་པས་ཁྲུའུ་ཧོ་ཀྲོའུ་རེ་དབྱིའར་ཆུས་ཀྱི་ཆུས་ཀྲང་ནོར་གོ་ཡེ་ཕུའུ·མོའར་ཏོ་པེ་ཁོ་ཝུའེ་ཆི་ཡིས“ཀྲུང་ཏ་རྡོ་སྣུམ་གྱིས་ཁྲལ་འཇལ་དང་སྤྱི་ཚོགས་ཕན་བདེའི་ཐད་ཁེར་གྷི་སི་ཐན་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པས་ཕྱི་རྒྱལ་གྱི་མ་འཇོག་མཁན་གྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད”ཅེས་བཤད།
             ཀྲུང་ཏ་རྡོ་སྣུམ་གྱིས་ཁེར་གྷི་སི་ཐན་གྱི་དཔལ་འབྱོར་ཐད་ལེགས་སྐྱེས་གང་འདྲ་ཕུལ་ཡོད་མེད་སྐོར་གླེང་སྐབས་ཁེར་གྷི་སི་ཐན་གྱི་བཟོ་ལས་དང་། ནུས་རྒྱུ། གཏེར་ཐོན་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཁུའུ་པན·མོའར་ཀྲ་ཁ་ནུའོ་ཧྥུའུ་ཡིས་བསྔགས་བརྗོད་ཡང་ཡང་བྱས། ཁོང་གིས་ཀྲུང་ཏ་རྡོ་སྣུམ་ནི་ཀྲུང་གོས་ཁེར་གྷི་སི་ཐན་དུ་མ་འཇོག་བྱས་པའི་རྣམ་གྲངས་ཆེ་ཤོས་དེ་རེད། དེས་ཁེར་གྷི་སི་ཐན་གྱི་སྤྱོད་སྣུམ་མཁོ་འདོན་འགན་ལེན་བྱས་པ་དང་ས་གནས་དེ་གའི་མིར་ལས་ཞུགས་ཀྱི་གོ་སྐབས་མཁོ་འདོན་བྱས་པས་ཁེར་གྷི་སི་ཐན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཁྲོད་གནས་བབ་གལ་ཆེན་ལྡན་ཡོད་ཅེས་བཤད།
            ཀྲུང་གོའི་ཀུང་སི་ཞིག་གི་ངོས་ནས་ཀྲུང་ཏ་རྡོ་སྣུམ་གྱི་གོ་རིམ་ལྡན་པའི་གཉེར་སྐྱོང་ལས་ས་གནས་དེ་གའི་སྤྱི་ཚོགས་ཀྱིས་ཀྲུང་གོ་བར་ཤེས་རྟོགས་དེ་བས་ཟབ་ཏུ་བྱུང་ཡོད། ད་ཆ་ས་གནས་དེ་གའི་མི་མང་ཆེ་བའི་བག་ཆགས་ཁྲོད་ཀྱི་ཀྲུང་གོ་བ་ནི“ཁ་དན་ཚིག་གནས་དང་། བཅའ་ཁྲིམས་ལ་བརྩི་སྲུང་། ལག་རྩལ་ཤེས་པ། ཤེས་བྱའི་ཚད་གཞི་མཐོ་བ”བཅས་ཡིན། ཁོང་ཚོ་ཀྲུང་གོ་བ་དང་འབྲེལ་བ་བྱེད་པ་དང་གྲོགས་པོ་བྱེད་འདོད་ཡོད་ལ་དེ་བས་སྤུན་མིན་གཉེན་ཚན་ཡང་བྱེད་འདོད་ཡོད་ཅེས་ཡའོ་ཀའོ་མིན་གྱིས་བཤད།
             ཀུང་སིའི་ལོ་དེ་དག་གི་འཕེལ་རྒྱས་དང་མྱོང་བ་དངོས་བརྒྱུད་ཡའོ་ཀའོ་མིན་གྱིས་ཁེར་གྷི་སི་ཐན་གྱིས་ཀྲུང་གོས་མ་འཇོག་བྱ་རྒྱུར་དགའ་བསུ་ཞུ་བ་དང་། ཀྲུང་གོའི་ལག་རྩལ་ནང་འདྲེན་བྱེད་པའི་རེ་བ་བྱེད་པ། རྒྱ་ཡིག་སྦྱང་འདོད་བྱེད་པ། ཀྲུང་གོའི་རིག་གནས་རྒྱུས་མངའ་ལོན་འདོད་བྱེད་པ་བཅས་བྱས་ཏེ་སྲིད་གཞུང་གི་དཔོན་རིགས་ཡིན་ནའང་འདྲ་ཡང་ན་དམངས་ཚོགས་གང་ཞིག་ཡིན་རུང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་དགའ་བསུ་ཆེན་པོ་ཞུ་བ་མ་ཟད། ད་དུང་རེ་བ་ཆེན་པོ་བཅངས་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།