འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་ཉིན་9བསྟུད་མར་ནུས་རྒྱུ་གཙང་མའི་གློག་བཏང་ནས་འཛམ་གླིང་གི་ཟིན་ཐོ་སླར་ཡང་གཏོད་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་22ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།མཚོ་སྔོན་དུ་ཉིན་9བསྟུད་མར་ནུས་རྒྱུ་གཙང་མའི་གློག་བཏང་ནས་འཛམ་གླིང་གི་ཟིན་ཐོ་སླར་ཡང་གཏོད་རྒྱུ་ཡིན་པ།
           མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་20ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་ཚེས་28ཉིན་གྱི་ཆུ་ཚོད་24པའི་བར་མཚོ་སྔོན་དུ་ཉིན་9དང་ཆུ་ཚོད་216རིང་བསྟུད་མར་ནུས་རྒྱུ་གཙང་མའི་གློག་འདོན་བྱ་རྒྱུ་དང་། གློག་ཚང་མ་ནི་ཆུ་དང་། ཉི་ནུས། དེ་བཞིན་རླུང་ཤུགས་བཅས་ཀྱིས་གློག་འདོན་བྱས་པའི་ནུས་རྒྱུ་གཙང་མ་ཡིན་ལ་བྱེད་ཐབས་དེ་ནི་ན་ནིང་གི“འབྱུང་འཕྲོད་གློག་ཉིན་7”རྗེས་ཀྱི་འཛམ་གླིང་གི་ཟིན་ཐོ་སླར་ཡང་གཏོད་རྒྱུ་རེད།
            2017ལོའི་ཟླ་6ཚེས་17ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་ཚེས་24ཉིན་གྱི་ཆུ་ཚོད་0བར་མཚོ་སྔོན་དུ་བསྟུད་མར་ཉིན་7གྱི་ཆུ་ཚོད་168རིང་ནུས་རྒྱུ་གཙང་མར་བརྟེན་ནས་གློག་བཏོན་པ་དེས་2016ལོར་ཕོར་ཐིའུ་ཀལ་གློག་དྲས་བཏོད་པའི་ཆུ་ཚོད་107རིང་གི་ནུས་རྒྱུ་གཙང་མའི་གློག་འདོན་གྱི་ཟིན་ཐོ་ལས་བརྒལ་བ་རེད།
           རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཆི་ཐའེ་ཡོན་གྱིས། ན་ནིང་དང་བསྡུར་ན། ད་ལོའི་གློག་དྲའི་གཞི་ཁྱོན་སྔར་བས་ཆེ་རུ་སོང་ནས་ཞིང་ཆེན་ཡོངས་ཀྱི་གློག་ཁུངས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་2640དང་། ཐེག་ཚད་ཆན་ཝ་ཁྲི་850 ཉིན་རེའི་ཆ་སྙོམས་གློག་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1.89བཅས་ཟིན་པ་དེ་13%དང་། 17% 8%བཅས་སོ་སོར་འཕར་ཡོད། དེའི་ནང་ནས་ནུས་རྒྱུ་གསར་པ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་1070རུ་སླེབས་ནས་42%འཕར་བ་དང་བསྡུར་ཚད་40.6%ཟིན་ཡོད་ཅེས་ངོ་སྤྲོད་བྱས།
          ཆི་ཐའེ་ཡོན་གྱིས། ད་ལོར་ཚད་གཞི་ཆེ་ཤོས་ཀྱི་ཐོག་ནས་ནུས་རྒྱུ་གསར་པའི་བསྡུ་ཉར་གཙང་སེལ་ལ་སྐུལ་མ་གཏོང་རྒྱུ་དང་། སྔོན་དཔག་ལྟར་ན་ནུས་རྒྱུ་གསར་པས་ཉིན་རེར་ཆ་སྙོམས་གློག་འདོན་ཚད་ཆུ་ཚོད་རེར་ཆན་ཝ་ཁྲི་5300ཟིན་རྒྱུ་དེ“འབྱུང་འཕྲོད་གློག་ཉིན་7”དང་བསྡུར་ན་40%འཕར་རྒྱུ་རེད། དེ་དང་ཆབས་ཅིག་མེ་ཤུགས་གློག་འདོན་བྱེད་སྟངས་ལེགས་བསྒྱུར་གྱིས་མེ་ཤུགས་གློག་འདོན་ལ་བརྟེན་ཚད་སྔར་བས་ཆུང་དུ་བཏང་སྟེ་བྱང་རྒྱུད་གློག་དྲའི་གློག་གནོན་འདེགས་སྐྱོར་འགན་ལེན་བྱེད་པའི་མེ་ཤུགས་གློག་འདོན་གྱི་སྟོབས་ཤུགས་ཆུང་ཤོས་སོར་ཉར་བྱས་ནས“འབྱུང་འཕྲོད་གློག་ཉིན་7”དང་བསྡུར་ན་61%ཆག་སྟེ་གློག་ཚད་ཡོངས་ཁྲོམ་རའི་ཉོ་ཚོང་བྱེད་སྟངས་བརྒྱུད་ནས་ཞིང་ཆེན་གཞན་དུ་འདྲེན་རྒྱུ་རེད་ཅེས་བརྗོད།
           མཚོ་བོད་ས་མཐོའི་ཤར་བྱང་རྒྱུད་དུ་གནས་པའི་མཚོ་སྔོན་ཞིང་ཆེན་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པ་དང་། ཆུ་ཤུགས་གློག་གི་ཐོན་ཁུངས་ཕུན་སུམ་ཚོགས་ལ་ཉི་ནུས་ཐོན་ཁུངས་འབེལ་བས་རྒྱལ་ཁབ་ཀྱི་ས་ཁོངས་ནུས་རྒྱུ་འབྲེལ་མཐུད་ཀྱི་རྟེན་གཞི་གལ་ཆེན་ཡིན། མཚོ་སྔོན་ཞིང་ཆེན་གྱིས་ནུས་རྒྱུ་གསར་པའི་ཐོན་ལས་འཆར་འགོད་དང་འབྲེལ་ཡོད་རྒྱབ་སྐྱོར་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་ནུས་རྒྱུ་གསར་པའི་ཐོན་ལས་གོང་འཕེལ་མྱུར་པོར་སྐུལ་མ་བཏང་བར་བརྟེན། མིག་སྔར་ནུས་རྒྱུ་གསར་པའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ནི་ཆུ་ཤུགས་གློག་གི་གཞི་ཁྱོན་དང་ཧ་ལམ་མཚུངས་པས་གློག་ཁུངས་ཆེ་གྲས་གཉིས་པར་གྱུར་ཡོད།
          མཚོ་སྔོན་ཞིང་ཆེན་ནུས་རྒྱུ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས། འཆར་འགོད་གཞིར་བཟུང་སྔོན་དཔག་ལྟར་ན་2020ལོར་སླེབས་སྐབས་མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གསར་པ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་པའི་སྤྱིའི་གཞི་ཁྱོན་ཆན་ཝ་ཁྲི་2000ཚད་བརྒལ་འབྱུང་རྒྱུ་དེས་ཞིང་ཆེན་དེ་ཡོངས་ཀྱི་གློག་ཁུངས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་པའི་སྤྱི་འབོར་གྱི་50%ཡན་གཟུང་རྒྱུ་རེད་ཅེས་བརྗོད།
    ༄༅།།མཚོ་སྔོན་དུ་ཉིན་9བསྟུད་མར་ནུས་རྒྱུ་གཙང་མའི་གློག་བཏང་ནས་འཛམ་གླིང་གི་ཟིན་ཐོ་སླར་ཡང་གཏོད་རྒྱུ་ཡིན་པ།
    ༄༅།།མཚོ་སྔོན་དུ་ཉིན་9བསྟུད་མར་ནུས་རྒྱུ་གཙང་མའི་གློག་བཏང་ནས་འཛམ་གླིང་གི་ཟིན་ཐོ་སླར་ཡང་གཏོད་རྒྱུ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།