འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་བོད་རྒྱ་སྐད་གཉིས་སྙན་ངག་འགྲན་ཚོགས་མཇུག་འགྲིལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་22ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།རྒྱལ་ཡོངས་ཀྱི་བོད་རྒྱ་སྐད་གཉིས་སྙན་ངག་འགྲན་ཚོགས་མཇུག་འགྲིལ་བ།
           མི་དམངས་དྲ་བའི་འཕྲིན།  ཉིན་ཤས་གོང་རྒྱལ་ཡོངས་ཀྱི་བོད་རྒྱ་སྐད་གཉིས་སྙན་ངག་འགྲན་ཚོགས་སྐབས་གཉིས་པ་དང“ཐུ་བྷོད་སྙན་ངག་མཁན་པོའི་བྱ་དགའ”སྤྲོད་པའི་མཛད་སྒོ་ལྷ་སར་མཇུག་འགྲིལ་བ་དང་བསོད་ནམས་དབང་རྒྱལ་གྱི་《ཡར་ཀླུང་རོང་ས་བཙན་པོ་མེས་པོའི་ཚབ་》ལ་བོད་ཡིག་སྙན་ངག་གི་གཟི་བརྗིད་མཚན་སྙན་སྙན་ངག་པའི་བྱ་དགའ་ཐོབ་པ་དང་རྒྱ་ཡིག་སྙན་ངག་གི་གཟི་བརྗིད་མཚན་སྙན་སྙན་ངག་པའི་བྱ་དགའ་ཐོབ་མཁན་བྱུང་མེད། མཚོ་སྔོན་གྱི་འཇུ་སྐལ་བཟང་ལ“ཐུ་བྷོད་སྙན་ངག་མཁན་པོའི་བྱ་དགའ”ཐོབ་པ་རེད།
           ད་ཐེངས་ཀྱི་སྙན་ངག་འགྲན་ཚོགས་ཀྱི་ཆེད་ལས་དཔྱད་ཞིབ་ཚོགས་པ་ནི་བོད་རིག་པའི་དགེ་རྒན་ཆེ་མོ་བ་རྡོ་དགོན་གསང་བདག་རྡོ་རྗེ་དང་། བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཟླ་བ། མཚོ་སྔོན་གྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན། 《མི་རིགས་རྩོམ་རིག་》དུས་དེབ་ཀྱི་རྩོམ་སྒྲིག་པ་གཞོན་པ་ཁྲེན་ཡ་ཅུན་སོགས་རྩོམ་རིག་མཁས་པ་དང་མཁས་དབང་ལས་གྲུབ་ཡོད། རྒྱལ་ཡོངས་ཀྱི་བོད་རྒྱ་སྐད་གཉིས་ཀྱི་སྙན་ངག་འགྲན་ཚོགས་ལས“སྙན་ངག་པ་གསར་པ་སྔོག་འདོན་དང་སྙན་ངག་ཁྱབ་གདལ་གཏོང་བ”དམིགས་ཡུལ་དུ་བྱེད་པ་དང“ཐུ་བྷོད་སྙན་ངག་མཁན་པོའི་བྱ་དགའ”དེ་བོད་མི་རིགས་ཀྱི་སྙན་ངག་རྩོམ་རིག་ལ་མངོན་གསལ་དོད་པའི་ལེགས་སྐྱེས་འབུལ་མཁན་མཁས་དབང་དང་སྙན་ངག་པར་སྤྲོད་རྒྱུ་ཡིན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་ཚོགས་དེ་བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཡུན་ནན། ཀན་སུའུ། པེ་ཅིང་བཅས་འགྲན་ཁུལ་ཆེ་ཁག་དྲུག་བཀོད་སྒྲིག་བྱས་ཡོད་པ་དང་བོད་ཡིག་བརྩམས་ཆོས་376དང་རྒྱ་ཡིག་བརྩམས་ཆོས་236འབྱོར་ཡོད། 
          དཔྱད་ཞིབ་ཚོགས་པས་ཉེ་བའི་ལོ་ཤས་རིང་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཡུན་ནན། ཀན་སུའུ་སོགས་ས་ཁུལ་གྱི་བོད་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཕྱིན་ནས་བོད་ཡིག་རྩོམ་རིག་གསར་རྩོམ་ལ་དོ་སྣང་བྱེད་མཁན་མང་པོ་ཡོད། བོད་ཡིག་སྙན་ངག་གིས་ཀྲུང་གོའི་སྙན་ངག་གསར་རྩོམ་གྱི་ཉིང་བཅུད་བླངས་ཡོད་ལ། ཉམས་འགྱུར་ལའང་གསར་གཏོད་ཐུབ་ཡོད་པའི་ངོས་འཛིན་བྱས་པ་རེད།
          གཞན་ཡང་དཔྱད་ཞིབ་ཚོགས་པས་མིག་སྔར་བོད་ཡིག་རྩོམ་རིག་དང་རྒྱ་ཡིག་དང་དེ་བཞིན་དབྱིན་ཡིག་དབར་སྤེལ་རེས་ཇེ་མང་དུ་ཕྱིན་པ་དཔེར་ན། ཀྲུང་གོའི་གསུང་རབ་གྲགས་ཅན་བཞི་དང་འཛམ་གླིང་གི་བྱིས་སྒྲུང་གྲགས་ཅན་《མཚན་ཞག་སྟོང་གི་གཏམ་རྒྱུད་》སོགས་ཀྱི་བརྩམས་ཆོས་བོད་ཡིག་ལ་བསྒྱུར་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།