འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་5པར་ཀྲུང་དབྱང་ཁེ་ལས་ཀྱི་ཟླ་འཁོར་གྱི་ཁེ་སྤོགས་ལོ་རྒྱུས་ཀྱི་དུས་མཚུངས་ཆུ་ཚད་མཐོ་ཤོས་བཏོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་22ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་གྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་བ་དང་པོ་ནས་ལྔ་པའི་བར་ཀྲུང་དབྱང་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་ཁྲི་11དང་ཁེ་སྤོགས་སྒོར་དུང་ཕྱུར་6859.4ཟིན་ནས་དུས་མཚུངས་ལས་9.8%དང་22.1%སོ་སོར་འཕར་ཡོད། ཟླ་5པར་ཀྲུང་དབྱང་ཁེ་ལས་ཀྱི་ཁེ་སྤོགས་སྒོར་དུང་ཕྱུར་1551.9ཟིན་ནས་ཟླ་འཁོར་གྱི་ཁེ་སྤོགས་ལོ་རྒྱུས་ཀྱི་དུས་མཚུངས་ཆུ་ཚད་མཐོ་ཤོས་བཏོད་པ་རེད།
            འདི་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར་ཀྲུང་དབྱང་གི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་དུས་མཚུངས་ལས་30.5%འཕར་བ་དང་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་་འཕར་ཚད་ཀྱིས་ཀྲུང་དབྱང་ཁེ་ལས་ཀྱི་ཁེ་སྤོགས་འཕར་ཚད་ཀྱི་70%ལྷག་ཙམ་བཟུང་ཡོད་པ་རེད།
           ཟླ་བ་དང་པོ་ནས་ལྔ་པའི་བར་ཀྲུང་དབྱང་ཁེ་ལས་ཀྱི་ཐོན་ལས་གསར་པ་དང་། ཐོན་རྫས་གསར་པ། ལས་རྣམ་གསར་པ་བཅས་མགྱོགས་མྱུར་འཕེལ་རྒྱས་སོང་བ་དང་འཕྲིན་གཏོང་ཁེ་ལས་ཀྱི་གྲངས་གཞི་སོགས་གསར་དར་ལས་སྒོའི་ཡོང་འབབ་ཀྱིས་ཡོང་འབབ་བསྡོམས་འབོར་གྱི་50.4%བཟུང་ནས་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.8འཕར་བ་དང་། གློག་ཤུགས་ཁེ་ལས་ཀྱིས་རླུང་གློག་སོགས་ནུས་རྒྱུ་གསར་པ་སྤྱོད་ཚད་མགྱོགས་མྱུར་མཐོ་རུ་བཏང་བས་ནུས་རྒྱུ་གསར་པའི་གློག་གཏོང་གི་ཁེ་སྤོགས་དུས་མཚུངས་ལས་ཆེས་ཆེར་འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།