འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་བོད་རུམ་འགྲེམས་ཚོགས་མཚོ་སྔོན་མགོ་ལོག་ཏུ་ཐོག་མར་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་22ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར་2018ལོའི་ཀྲུང་གོའི(མཚོ་སྔོན)བོད་རུམ་རྒྱལ་སྤྱིའི་འགྲེམས་ཚོགས་མགོ་ལོག་ཏུ་ཚོགས་པའི་བྱེད་སྒོ་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དམར་ཆེན་རྫོང་དུ་སྤེལ་བ་དང་། དེ་ནི་རྒྱལ་སྤྱིའི་བོད་རུམ་འགྲེམས་ཚོགས་མགོ་ལོག་བོད་རིགས་ས་ཁུལ་དུ་ཐོག་མར་སྤེལ་བ་ཞིག་རེད།
            མགོ་ལོག་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲོའུ་ཀྲང་སྤེན་སྐྱབས་བཀྲ་ཤིས་ཀྱིས་བོད་རུམ་ནི་བོད་མི་རིགས་ཀྱི་རིག་གནས་དང་སྒྱུ་རྩལ་གཅིག་ཏུ་བསྡུས་པའི་བཟོ་རྩལ་གྱི་དངོས་རྫས་རྩ་ཆེན་ཞིག་ཡིན་པས་རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་པ་མང་པོའི་དགའ་བསུ་ཐོབ་ཡོད། བོད་རུམ་འགྲེམས་སྟོན་བྱས་ནས་ལོ་15ཡི་རིང་མགོ་ལོག་ཏུ་སྤེལ་ཐེངས་དང་པོ་ཡིན་ཞིང་། དེ་ནི་མགོ་ལོག་གི་དམིགས་བསལ་རིག་གནས་ཀྱི་ཁྱད་ཆོས་མངོན་པ་དང་། མགོ་ལོག་གི་ཁྱད་ལྡན་རིག་གནས་ཐོན་ཁུངས་དྲིལ་བསྒྲགས་དང་འོས་སྦྱོར། མགོ་ལོག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་པས། ཀྲོའུ་དེའི་བོད་རུམ་དང་དེ་བཞིན་མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་ལས་འཕེལ་རྒྱས་ཀྱི་སྣེ་འདྲེན་དང་སྣེ་ཁྲིད་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། མི་རིགས་ཀྱི་ལག་ཤེས་བཟོ་ལས་ཐོན་ལས་སྔར་བས་སྟོབས་ཆེར་གཏོང་བ་དང་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ཞིང་འབྲོག་པའི་འབབ་འཕར་ལ་སྣེ་ཁྲིད་དང་མངོན་འགྱུར་ལ་མཛུབ་ཁྲིད་བྱེད་པའི་དོན་སྙིང་དང་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ལྡན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།