འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླས་ཞིང་ཆེན་ལས་བརྒལ་བའི་ཡུལ་སྐོར་སྤུས་རྟགས་ཀྱི་
    ལམ་ཐིག་གཉིས་ཁྱབ་གདལ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་22ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར། བདེ་ཆེན་ཀྲོའུ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས“སྨྱན་སྦྱོར་ཡུལ་སྐོར་འོས་སྦྱོར་ཚོགས་འདུ”འཚོགས་པ་དང་ཚོགས་འདུའི་ཐོག་ཞིང་ཆེན་ལས་བརྒལ་བའི་ཡུལ་སྐོར་སྤུས་རྟགས་ལམ་ཐིག་གཉིས་ཁྱབ་གདལ་བཏང་བ་དང་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་སྤུས་རྟགས་ལམ་ཐིག་གཉིས་བཏོད་པ་རེད།
           “ཞིང་ཆེན་ལས་བརྒལ་བའི་ཡུལ་སྐོར་སྤུས་རྟགས་ལམ་ཐིག་གཉིས་ནི་སེམས་ཀྱི་ཉི་ཟླ་ནས་བོད་ལྗོངས་ཚྭ་ཁ་ལྷོ་དང་། ཆབ་མདོ། ཉིང་ཁྲི། མེ་ཏོག ལྷ་ས་བཅས་བར་དང་སེམས་ཀྱི་ཉི་ཟླ་ནས་འདབ་པ་ཉི་བརྟེན་དང་། གསེར་རྟ། དར་རྩེ་མདོ། ཁྲེང་ཏུའུ་བཅས་བར་གྱི་ཡུལ་སྐོར་ལམ་ཐིག་ཡིན་པ་དང་། ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་སྤུས་རྟགས་ལམ་ཐིག་གཉིས་ནི་སེམས་ཀྱི་ཉི་ཟླ་ནས་ས་དམ་དང་། ཏ་ལི་བར་དང་སེམས་ཀྱི་ཉི་ཟླ་ནས་ས་དམ་དང་། རྒྱལ་མོ་རྔུལ་ཆུ་བར་རེད”ཅེས་ལུའུ་ཀྲི་ཅུན་གྱིས་བཤད།
           ཡུལ་སྐོར་སྨྱན་སྦྱོར་མི་སྣ་བསླབ་པ་རྒན་གྲས་ཤིག་གིས“ཡུལ་སྐོར་ལམ་ཐིག་གཉིས་པོ་ནི་དངོས་གནས་ཕུལ་དུ་བྱུང་བ་ཞིག་ཡིན་ཞིང་། སེམས་ཀྱི་ཉི་ཟླ་དང་དེའི་ཉེ་འཁོར་གྱི་ཡིད་དབང་འཕྲོག་ཤུགས་ཆེ་ཤོས་ལྡན་པའི་ཡུལ་སྐོར་རིག་གནས་ཀྱི་མཛེས་ལྗོངས་འབྲེལ་མཐུད་ཧ་ཅང་ཡག་པོ་བྱས་ཡོད་པས་དེ་ནི་ཚད་གཞི་མཐོ་བའི་ཡུལ་སྐོར་གྱི་གདམ་ག་བྱ་ཡུལ་དང་པོ་དེ་རེད”ཅེས་མྱོང་ཚོར་ཆེན་པོས་བཤད།
           མིག་སྔར་བདེ་ཆེན་ཀྲོའུ་ལ་Aལྔ་རིམ་པའི་མཛེས་ལྗོངས་ཁུལ་1དང་Aབཞི་རིམ་པའི་མཛེས་ལྗོངས་ཁུལ་5ཚུད་པའི་Aརིམ་པའི་མཛེས་ལྗོངས་ཁུལ་15དང་། སྐར་མ་རིམ་པའི་གསོལ་མགྲོན་ཁང་92 ཡུལ་སྐོར་ལས་དོན་ཁང་46 ཡུལ་སྐོར་ལ་ཐད་ཀར་ཞུགས་པའི་ལས་དོན་པ་ཁྲི་2ཙམ་བཅས་ཡོད། ཉེ་བའི་ལོ་ཤས་རིང་བདེ་ཆེན་ཀྲོའུ་ཡིས་སོས་དལ་སྤྲོ་གསེང་ཡུལ་སྐོར་དང་། གྲོང་གསེབ་ཀྱི་ཡུལ་སྐོར། ཆོས་ལུགས་ཡུལ་སྐོར། གསར་བརྗེའི་ཁུལ་དུ་ཡུལ་སྐོར། རིག་གནས་ཡུལ་སྐོར། སྣོད་བཅུད་ཡུལ་སྐོར་བཅས་དང་དེ་བཞིན་སྒེར་འཁོར་གཏོང་བ་དང་། ཞིམ་ཟས་ཟ་བ། ཚན་རིག་རྟོག་ཞིབ། ཚོང་དོན། འཚོ་བཅུད། ཉེན་དཔྱད་སོགས་ལས་རྣམ་གསར་པའི་ཡུལ་སྐོར་འཕེལ་རྒྱས་ཧུར་ཐག་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།