འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་མངགས་གཏོང་བཅའ་སྡོད་སྒྲིག་གཞི་གཅིག་གྱུར་ཐོག་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་22ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཚེས་20ཉིན། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་དང་། རྩ་ཁྲིམས། ལྟ་ཞིབ་བཅའ་ཁྲིམས་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་མངགས་གཏོང་བཅའ་སྡོད་སྒྲིག་གཞི་གཅིག་གྱུར་ཐོག་བཙུགས་པ་དང་དེར་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་མངགས་གཏོང་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་ཞེས་བརྗོད་ཀྱི་ཡོད། བཅའ་སྡོད་སྡེ་ཚན་གསར་པ་འཛུགས་པའམ་ཡང་ན་མིང་བསྒྱུར་ཚེ་མངགས་གཏོང་བཅའ་སྡོད་སྒྲིག་གཞིའི་མིང་ལའང་འགྱུར་ལྡོག་འོས་འཚམ་གཏོང་རྒྱུ་རེད། མངགས་གཏོང་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གིས་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ལ་འགན་འཁུར་ནས་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་དང་རྒྱལ་ཁབ་ལྟ་ཞིབ་ཀྱི་འགན་འཁྲི་གཉིས་འཁུར་རྒྱུ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོའི་ཟླ་12པར། ཀྲུང་དབྱང་གཞུང་དོན་ཐིང་གིས་《ཀྲུང་དབྱང་སྒྲིག་ཨུད་ཀྱི་མངགས་གཏོང་བཅའ་སྡོད་སྒྲིག་གཞི་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་ནས་གསར་འཛུགས་དང་ལེགས་སྒྲིག་སོགས་ཀྱི་བྱེད་སྟངས་བརྒྱུད། ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་རིམ་པ་དང་པོའི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ལ་ལྟ་ཞིབ་བྱེད་མཁན་མངགས་གཏོང་བཅའ་སྡོད་སྒྲིག་གཞི་ཁྱོན་ཡོངས་ལ་ཁྱབ་དགོས་པ་ཁ་གསལ་བཏོན་ཡོད། 2015ལོའི་ཟླ་3པར། ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གཞུང་དོན་ཐིང་དང་། ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལས་ཁུངས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་། རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་བཅས་ལ་སྒྲིག་བཤེར་ཚོགས་ཆུང་ཐོག་མར་མངགས་གཏོང་བཅའ་སྡོད་བྱས་པ་རེད། 2015ལོའི་ཟླ་11པར། ཀྲུང་དབྱང་གཞུང་དོན་ཐིང་གིས་《ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་རིམ་པ་དང་པོའི་ཏང་དང་རྒྱལ་ཁབ་ལས་ཁུངས་ལ་སྒྲིག་བཤེར་སྒྲིག་གཞི་མངགས་གཏོང་བཅའ་སྡོད་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཇུས་གཞི་》པར་འགྲེམས་བྱས་ནས་ཀྲུང་དབྱང་སྒྲིག་ཨུད་ཀྱིས་མངགས་གཏོང་བཅའ་སྡོད་སྒྲིག་གཞི་ཁྱོན་47བཀོད་སྒྲིག་བྱས་ཏེ་ཀྲུང་དབྱང་གི་རིམ་པ་དང་པོའི་ཏང་དང་རྒྱལ་ཁབ་ལས་ཁུངས་139ལ་མངགས་གཏོང་བཅའ་སྡོད་སྒྲིག་བཤེར་སྒྲིག་གཞི་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས་པ་ཁ་གསལ་བཏོན་ཡོད་པ་རེད།
            2018ལོའི་ཟླ་3པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བའི་ལྟ་ཞིབ་བཅའ་ཁྲིམས་ནང་རིམ་ཁག་ལྟ་ཞིབ་ཨུ་ལྷན་གྱིས་རིམ་པ་དེ་གའི་ཀྲུང་གོ་གུང་ཁྲན་ཏང་གི་ལས་ཁུངས་དང་། རྒྱལ་ཁབ་ལས་ཁུངས། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དབང་སྤྲོད་དམ་ཡང་ན་སྤྱི་པའི་ལས་དོན་དོ་དམ་བྱ་རྒྱུར་མངགས་བཅོལ་བྱས་པའི་རྩ་འཛུགས་དང་ཚན་པ་དང་དེ་བཞིན་དོ་དམ་ཁོངས་གཏོགས་ཀྱི་སྲིད་འཛིན་ས་ཁོངས། གཞུང་ཁོངས་ཁེ་ལས་སོགས་ལ་ལྟ་ཞིབ་སྒྲིག་གཞི་་དང་ལྟ་ཞིབ་ཆེད་མི་མངགས་གཏོང་བྱེད་ཆོག་ཅེས་གཏན་འབེབས་བྱས་ཡོད། ད་ཐེངས་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གཅིག་གྱུར་ཐོག་མངགས་གཏོང་བཅའ་སྡོད་སྒྲིག་གཞི་བཙུགས་པ་དང་འབྲེལ་མིང་ལའང་འགྱུར་ལྡོག་འོས་འཚམ་བཏང་བ་ནི་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་དང་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རྒྱལ་ཁབ་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་བྱས་པའི་མཚོན་ཚུལ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།