འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་རིག་པ་མཁས་ཅན་གྱི་སྤེལ་རེས་ཚོགས་པས་ལ་ཐེ་ཝེ་ཡར་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་30ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་28ཉིན། ལ་ཐེ་ཝེ་ཡར་དུ་འཚམས་འདྲི་བྱེད་བཞིན་པའི་ཀྲུང་གོ་བོད་རིག་པ་མཁས་ཅན་སྤེལ་རེས་ཚོགས་པས་ལི་ཅ་རུ་ལ་ཐེ་ཝེ་ཡའི་གྲོས་མི་དང་། སྲིད་གཞུང་གི་དཔོན་པོ། མཁས་དབང་སོགས་ལས་རིགས་ཁག་གི་མི་སྣ་དང་བགྲོ་གླེང་གཏིང་ཟབ་གནང་ཡོད་པ་དང་། ཁྱོན་ཡོངས་ནས་བོད་ལྗོངས་ཀྱི་ལོ་རྒྱུས་དང་རིག་གནས། ཆོས་ལུགས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ཡོད་པ་རེད།
         སྤེལ་རེས་ཚོགས་པ་ནི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་ཁང་གི་འགོ་ཁྲིད་ཀྲང་ཡུན་གྱིས་ཚོགས་གཙོ་འགན་འཁུར་ཞིང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོ་བོད་ཀྱི་རིག་གནས་སྲུང་དང་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་བོད་རིག་པའི་མཁས་ཅན་སོགས་ཀྱིས་གྲུབ་ཡོད་པ་རེད། ཉིན་དེའི་བགྲོ་གླེང་ཚོགས་འདུའི་ཐོག་ཏུ། ཀྲང་ཡུན་གྱིས་པར་རིས་བོད་ལྗོངས་ལས་གསོན་ཉམས་ལྡན་པའི་ངང་བོད་ལྗོངས་ཀྱི་ལོ་རྒྱུས་དང་སྐད་ཡིག ཆོས་ལུགས རིག་གནས། སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། སྤེལ་རེས་ཚོགས་པའི་མི་སྣ་ཡིས་བཅའ་ཁྲིམས་ཐོག་ནས་འགན་སྲུང་། སློབ་སྦྱོང་དང་རྒྱུད་སྤེལ། རྒྱ་ཁྱབ་ཏུ་སྤྱོད་པ། ཁྱོན་ཡོངས་ནས་འཕེལ་རྒྱས་བཅས་ཕྱོགས་བཞི་ནས་ཀྲུང་གོ་རུ་བོད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་གྱི་ལོ་རྒྱུས་ཡོངས་ཁུངས།  ལོ་རྒྱུས་ཀྱི་གཏན་འཁེལ་སྒྲིག་སྲོལ་ཆགས་སྟངས། བོད་ལྗོངས་ཀྱི་རིག་གནས་སྣ་མང་ཅན། མི་རིགས་མཐུན་སྒྲིལ། དེ་བཞིན་དུ་ཀྲུང་གོ་སྲིད་གཞུང་གིས་དེའི་ཐད་ལ་འབད་འབུངས་བྱེད་ནས་ཐོབ་པའི་གྲུབ་འབྲས་བཅས་ངོ་སྤྲོད་བྱས་པ་རེད།
         ལ་ཐེ་ཝེ་ཡའི་ཕྱོགས་ཀྱིས། ཐེངས་འདིའི་བྱེད་སྒོ་ཡིས་ལ་ཐེ་ཝེ་ཡར་བོད་ལྗོངས་ཤེས་རྟོགས་ལ་གོ་སྐབས་བཟང་པོ་མཁོ་སྤྲོད་བྱས་ཡོད་པ་དང་། རྗེས་སོར་སླར་འདི་རིགས་ཀྱི་སྤེལ་རེས་མང་པོ་ཡོད་པའི་རེ་བ་ཡོད་པ་བསྟན། 
      

    ཕྱོགས་བསྡུས་གསར་འགྱུར།