འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཆ་སྙོམས་དྲོད་ཚད་དང་ཆར་ཆུ་བབས་ཚད་མངོན་གསལ་དོད་པོས་འཕར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་31ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་28ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ནས་ཤེས་རྟོགས་བྱས་པར། 1981ལོ་ནས་2017ལོ་བར་བོད་རང་སྐྱོང་ལྗོངས་ཀྱི་ལོའི་ཆ་སྙོམས་དྲོད་ཚད་དང་ལོའི་ཆ་སྙོམས་ཆར་ཆུ་བབས་ཚད་མངོན་གསལ་དོད་པོས་འཕར་བའི་རྣམ་པ་མངོན་ཡོད། དེའི་ནང་ལོའི་ཆ་སྙོམས་དྲོད་ཚད་ལོ་10རེར་ཆ་སྙོམས་0.42℃མཐོ་རུ་ཕྱིན་ནས་དྲོད་ཚད་འཕར་ཚད་གོ་ལ་ཧྲིལ་པོ་དང་རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དག་ལས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ལོར་ཆ་སྙོམས་ཆར་ཆུ་བབས་ཚད་ལོ་10རེར་ཧའོ་སྨི་11.0མང་དུ་ཕྱིན་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། 2017ལོར་བོད་རང་སྐྱོང་ལྗོངས་ཀྱི་ལོའི་ཆ་སྙོམས་དྲོད་ཚད་ནི་5.7℃ཡིན་པས་1981ལོ་ཚུན་གྱི་གྲངས་ཐང་མཐོ་ཤོས་ཨང་གསུམ་པར་སླེབས་ཡོད། དུས་བཞིའི་དྲོད་ཚད་ཆ་སྙོམས་མཐོ་བའི་ནང་དགུན་དུས་ཀྱི་དྲོད་ཚད(-1.8℃)མངོན་གསལ་དོད་པོས་མཐོ་བ་དང་ས་ཁོངས་རང་བཞིན་གྱི་དགུན་ཁ་དྲོ་རུ་ཕྱིན་ཡོད། ལོའི་ནང་ས་ཁུལ་མང་པོའི་དྲོད་ཚད་ལོ་རྒྱུས་ཀྱི་གྲངས་ཐང་མཐོ་ཤོས་ལས་བརྒལ་ཡོད། ནག་ཆུ་དང་། ཆབ་མདོ། འདམ་གཞུང་སོགས་ས་ཚིགས་11གི་ལོའི་ཆ་སྙོམས་དྲོད་ཚད་ལོ་རྒྱུས་ཀྱི་གྲངས་ཐང་མཐོ་ཤོས་བཏོད་པའམ་ཡང་ན་ལོ་རྒྱུས་ཀྱི་གྲངས་གནས་མཐོ་ཤོས་དང་སྙོམས་ཡོད། ཆར་ཆུ་བབས་ཚད་ནས་བལྟས་ན། 2017ལོར་བོད་ཀྱི་ཆ་སྙོམས་ཆར་ཆུ་བབས་ཚད་ཧའོ་སྨི་492.4ཟིན་པ་དེ་རྒྱུན་གཏན་ལས་ཧའོ་སྨི་32.2མང་དུ་སོང་བ་དང་ཆར་དུས་སྔ་སྣུར་དུ་ཤར་ཡོད།
         བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་གྱིས་དབྱེ་ཞིབ་བྱས་ནས་དྲོད་ཚད་དང་ཆར་ཆུ་བབས་ཚད་ཀྱི་འགྱུར་ལྡོག་འགྲོ་ཚུལ་ལས་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པས་མཚོ་བོད་ས་མཐོར་ཤུགས་རྐྱེན་ཐེབས་པ་ར་སྤྲོད་བྱུང་ཡོད། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་ནས་བོད་ཀྱི་ས་ཁོངས་ནང་གི་མཐོ་གྲང་རྒྱུད་དང་དྲོ་མ་གྲང་རྒྱུད་ཀྱི་ཤར་མཚམས་ནུབ་སྒྱུར་བྱས་པ་དང་ལྷོ་མཚམས་བྱང་སྒྱུར་བྱས་པ། དྲོད་རྒྱུད་ཆེ་རུ་སོང་བ། སྣོད་བཅུད་མ་ལག་སྤྱི་ཡོངས་ཀྱི་རྣམ་པ་ལེགས་སུ་ཕྱིན་པའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།