འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།འཛིན་ལོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་2017ལོ་ཚུན་IPOདང་སླར་ཡང་མ་རྩ་བསྡུ་
    སྒྲིལ་བྱེད་ཚད་སྒོར་དུང་ཕྱུར་ཁྲི་2.03ཟིན་ཡོད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་31ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་29ཉིན་འཛིན་ལོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ཡན་ཆིང་མིང་གིས་2017ལོ་ཚུན་ནས་འདི་ལོའི་དུས་ཚིགས་དང་པོ་བར་IPOདང་སླར་ཡང་མ་རྩ་བསྡུ་སྒྲིལ་བྱེད་ཚད་སྒོར་དུང་ཕྱུར་ཁྲི་2.03ཟིན་པ་དང་། ལེབ་གསར་གསུམ་གྱི་བྱང་བུ་བཀལ་བའི་ཁེ་ལས་ཀྱི་མ་རྩ་བསྡུ་སྒྲིལ་བྱེད་ཚད་སྒོར་དུང་ཕྱུར་1533ཟིན་པ། ཉོ་ཚོང་གི་བུན་འཛིན་འགྲེམས་སྤེལ་དངུལ་འབོར་སྒོར་དུང་ཕྱུར་ཁྲི་4.49ཟིན་པ། ཁྲོམ་ཞུགས་ཀུང་སི་ཉོ་སྒྲུབ་དང་བསྐྱར་འཛུགས་ཚོང་དོན་དངུལ་འབོར་སྒོར་དུང་ཕྱུར་ཁྲི་2.46ཟིན་པ་བཅས་རེད།
        གཞན་ཡང་། 2017ལོར་རྒྱལ་ཡོངས་སུ་སྒེར་གྱིས་བསྡུས་པའི་མ་རྐང་ཐེབས་རྩའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་2.4གསར་འཕར་བྱུང་བ་དང་རྣམ་གྲངས་ལ་སྒོར་ཁྲི་5.1བཏང་བས་ཐད་ཀའི་མ་རྩ་བསྡུ་སྒྲིལ་གྱི་གཞི་ཁྱོན་དང་སྤུས་ཚད་ནུས་ལྡན་ངང་ལེགས་སུ་ཕྱིན་ཡོད།
         ཡན་ཆིང་མིང་གིས་ཚེས་29ཉིན་2018ལོའི་དངུལ་རྩའི་ཁྲོམ་རའི་གླེང་སྟེགས་ལོ་ཚོགས་ཐོག་འཛིན་ལོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་མ་རྩའི་ཁྲོམ་རས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ནུས་པ་མུ་མཐུད་ཆེ་རུ་འགྲོ་རྒྱུ་དང་ཉེན་ཁ་ཚབས་ཆེན་མི་ཐོན་པའི་མཐའ་ཚད་མུ་མཐུད་བརྟན་པོ་སྲུང་ཐུབ་རྒྱུ་མ་ཟད། མ་རྩའི་ཁྲོམ་རའི་སྒྱུར་བཅོས་ཀྱི་སྒོ་མོ་འབྱེད་ཤུགས་ཀྱང་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།