འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཕོ་བྲང་པོ་ཏ་ལར་ཡུལ་སྐོར་བ་མང་དུས་སུ་ཚོགས་སྒྲིག་མིན་པའི་ཡུལ་སྐོར་བས་སྤ་སེ་སྔོན་
    མངགས་བྱེད་དགོས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་31ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱུང་བར། བོད་དུ་ཡུལ་སྐོར་ལ་ཡོང་མཁན་མང་དུ་འགྲོ་བ་དང་སྦྲགས། ཕོ་བྲང་པོ་ཏ་ལས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ཀྱང་མགྱོགས་མྱུར་འཕར་ཡོད། ཕོ་བྲང་པོ་ཏ་ལར་སྲུང་སྐྱོབ་བྱ་ཤུགས་ཆེ་རུ་གཏོང་ཆེད། ཡུལ་སྐོར་བ་མང་དུས་སུ་ཕོ་བྲང་པོ་ཏ་ལར་སྤ་སེ་སྔོན་མངགས་དང་ཁག་བགོས་ཀྱི་ལམ་ལུགས་ལག་ལེན་བསྟར་རྒྱུ་ཡིན་ཞིང་། ཉིན་ལྟར་ཡུལ་སྐོར་བ་མི་ཐེངས་5000ཡས་མས་ལས་གཏོང་གི་མེད་པ་རེད། ཚོགས་སྒྲིག་མིན་པའི་ཡུལ་སྐོར་བས་སྔ་སྣུར་དུ་ཕོ་བྲང་པོ་ཏ་ལའི་སྤ་སེ་སྔོན་མངགས་བྱ་ཡུལ་དུ་བསྐྱོད་དེ་ཐོབ་ཐང་ལག་ཁྱེར་འཁྱེར་ནས་སྔོན་མངགས་སྤ་སེ་ལེན་དགོས་ཀྱི་ཡོད།
         ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའི་འགན་འཁུར་བས་2017ལོར་ཕོ་བྲང་པོ་ཏ་ལས་ཡུལ་སྐོར་བ་མི་ཐེངས་ཁྲི་145.6ལ་སྣེ་ལེན་ཞུས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་ཅེས་ངོ་སྤྲོད་བྱས། གསར་འགོད་པར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཕོ་བྲང་པོ་ཏ་ལའི་མཐའ་འཁོར་གྱི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ལེགས་སུ་གཏོང་ཆེད། ཉེ་དུས་ཉེན་རྟོག་ཕྱོགས་ཀྱིས་ཕོ་བྲང་པོ་ཏ་ལའི་སྤ་སེ་འཚོང་ཡུལ་དུ་མི་གཞན་གྱི་ཚབ་བྱས་ཏེ་བང་བསྒྲིགས་ནས་ཁེ་བཟང་རག་ཐབས་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་དང་བཅོས་སྒྲིག་བྱས་པ་མ་ཟད། ཕོ་བྲང་པོ་ཏ་ལའི་ལྟ་སྐོར་གྱི་སྔོན་མངགས་སྤ་སེ་གླགས་ཚོང་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཆད་པ་ནན་པོ་བཅད་ཡོད། ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ལ་གཏོར་སྐྱོན་བཏང་བའི་རྐྱེན་གྱིས་ཁྲིམས་འགལ་མི་སྣ་བཅུ་གྲངས་ཁ་ཤས་ལ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་བཅད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།