འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་གྲོང་གསེབ་ཀྱི་འཁོར་རྒྱུག་མ་ལག་འཛུགས་སྐྲུན་ལ་
    དངུལ་བུན་ཁྱོན་སྒོར་དུང་ཕྱུར་སྟོང་ལྷག་ཙམ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་28ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོ་ནས་ད་བར་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་ཞིང་ལས་ཀྱི་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་འགན་ནུས་ལག་ལེན་ཧུར་ཐག་བསྟར་ནས་གྲོང་གསེབ་ཀྱི་འཁོར་རྒྱུག་མ་ལག་འཛུགས་སྐྲུན་དངུལ་བུན་གྱིས་ཞིང་ལས་ཐོན་ཟོག་འཁོར་རྒྱུག་གི་གཙོ་རྐང་དྲ་རྒྱ་དང་སྤྱི་ཕན་རང་བཞིན་གྱི་ཞིང་ལས་ཐོན་ཟོག་ཁྲོམ་ར་འཛུགས་སྐྲུན་ལ་གཙོ་གནད་རྒྱབ་སྐྱོར་བྱས་པ་རེད། ཟླ་བཞི་པའི་ཟླ་མཇུག་ཏུ་སླེབས་སྐབས་ཁེ་ལས་723ལ་གྲོང་གསེབ་ཀྱི་འཁོར་རྒྱུག་མ་ལག་འཛུགས་སྐྲུན་དངུལ་བུན་སྒོར་དུང་ཕྱུར་1018.35བཏང་ནས་དངུལ་བུན་ལྷག་འཕྲོ་སྒོར་དུང་ཕྱུར་356.5ཡོད་པ་རེད།
          ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2018ལོ་ནས་བཟུང་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་དངུལ་བུན་སྔར་བས“ཤ་ཚལ་སྒོང་གསུམ”འདུ་འགོད་འཛུགས་སྐྱོང་ལ་ཕྱོགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཞིང་ལས་ཐོན་ཟོག་མཁོ་སྤྲོད་དང་བཟའ་བཅའི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད། གཞན་ཡང་སྤྱི་ཕན་རང་བཞིན་གྱི་ཞིང་ལས་ཐོན་ཟོག་ཁྲོམ་ར་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱས་པ་བརྒྱུད་གྲོང་ཁྱེར་གྱི་ཞིང་ལས་ཐོན་ཟོག་མཁོ་འདོན་འགན་ལེན་དང་། ཞིང་ལས་ཐོན་ཟོག་འཁོར་རྒྱུག་གི་ལས་ཕྱོད་མཐོར་གཏོང་། བཟའ་བཅའི་བདེ་འཇགས་འགན་ལེན། ཞིང་ལས་ཐོན་ལས་ཅན་གོང་འཕེལ་ལ་སྣེ་ཁྲིད། ཞིང་པའི་འབབ་འཕར་ལ་སྐུལ་གཏོང་། དབུལ་སྐྱོར་འགག་སྒྲོལ་ལ་རོགས་སྐྱོར་སོགས་ཀྱི་ཐད་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།