འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་ཆེན་སློབ་མའི་ཁྱིམ་ཚང་ཞིང་རར་ལོ་ལེགས་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་28ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཆིང་ཧྲུའེ་ཧོ་རྒུན་འབྲུམ་ལྡུམ་ར་ཨན་ཧུའེ་ཞིང་ཆེན་ལུའུ་ཅང་རྫོང་ཐའེ་དབན་ཞིང་པའི་ལས་གཏོད་ལྡུམ་རའི་ནང་དུ་ཡོད་ཅིང་། འདི་ནི་ཨན་ཧུའེ་ཞིང་ལས་སློབ་ཆེན་སློབ་མ་ཀྲུའུ་ཧྲུའུ་ཧྲེང་དང་བཟའ་ཟླ་ཞུས་ཡུན་ལིས་2012ལོར་གཉེར་བའི་ཁྱིམ་ཚང་ཞིང་ར་ཞིག་རེད། བཟའ་ཚང་གཉིས་ཀྱིས་ས་ཞིང་མུའུ་100ལྷག་ཙམ་གྱི་སར་སྨི་ངོས་གྲུ་15000ཡོད་པའི་དྲོད་ཁང་ནང་རྒུན་འབྲུམ་བཏབ་ནས་སྤྲོ་གསེང་བྱ་ཡུལ་ཞིག་བཟོས། 2017ལོར་སླར་ཡང་སྒོར་ཁྲི་400བཏང་ནས་སྨི་ངོས་གྲུ་2800ཡོད་པའི་རྒུན་འབྲུམ་ཨ་རག་བཟོ་གྲྭ་བརྒྱབ་པར་བརྟེན་གྲོང་ཁྱེར་ནས་གྲོང་གསེབ་ཏུ་ལས་གཏོད་བྱེད་པའི་ཕྱུག་འགྱུར་ཕུགས་འདུན་མངོན་འགྱུར་བྱུང་བ་དང་ཞིང་ཆེན་ཞིང་ལས་ཨུ་ལྷན་གྱིས“ཞིང་པའི་ལས་གཏོད་སྣེ་ཁྲིད་པ”ཞེས་པའི་མཚན་སྙན་སྤྲད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།