འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གཞི་ཁྱོན་ཡན་བཟོ་ལས་ཀྱི་རིན་ཐང་འཕར་མའི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་
    དང་པོར་སླེབས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་27ཉིན། 12:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་བོད་རང་སྐྱོང་ལྗོངས་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་གི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལོ་འགོ་ནས་བཟུང་། བོད་ཀྱི་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་བརྩོན་བྱུང་ནས་འཕེལ་རྒྱས་ཅུང་མགྱོགས་པོ་འགྲོ་བའི་རྣམ་པ་བཟང་པོ་མུ་མཐུད་མངོན་ཡོད་པ་རེད། ཟླ་1པོ་ནས་4པའི་བར་གཞི་ཁྱོན་ཡན་བཟོ་ལས་ཀྱི་རིན་ཐང་འཕར་མ་ལོ་གོང་མའི་དུས་མཚུངས་ལས་14.3%འཕར་བ་དང་། རྒྱལ་ཡོངས་ཀྱི་ཆ་སྙོམས་ལས་བརྒྱ་ཆའི་གནས་7.4མཐོ་བ་ཡོད། ཟླ་1པོ་ནས་3པའི་བར་ལས་བརྒྱ་ཆའི་གནས0.3མགྱོགས་སུ་ཕྱིན་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
         གྲངས་གཞི་ལས་མངོན་པར་གཞིགས་ན། སྨན་དང་སྨན་རྫས་བཟོ་སྐྲུན་ལས་རིགས་ཀྱི་བཟོ་ལས་དང་། གློག་ཤུགས་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་ཀྱི་བཟོ་ལས་སོགས་ཀྱིས་གཙོ་བོར་བྱས་པའི་བཟོ་ལས་ཐོན་རྫས་ཀྱི་ཐོན་ཚོང་སྦྲེལ་མཐུད་ཡག་པོ་ཡོད་པས་ཚང་མ་བཅུ་ཆ་གསུམ་ཡན་འཕར་ནས་བཟོ་ལས་ཀྱི་ཐོན་རྫས་གཙོ་བོའི་ཐོན་ཚད་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད། ལྷ་ས་དང་ལྷོ་ཁ་སོགས་གྲོང་ཁྱེར(ས་ཁུལ)6གི་བཟོ་ལས་ཀྱི་རིན་ཐང་འཕར་མ་བརྟན་པོའི་ངང་འཕར་བའི་ཁྲོད། ཉིང་ཁྲི་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་བཟོ་ལས་ཀྱི་རིན་ཐང་འཕར་མ་ལོ་གོང་མའི་དུས་མཚུངས་ལས་140.4%འཕར་ཡོད་པ་རེད། ལྗོངས་ཡོངས་ཀྱི་གཙོ་གནད་བཟོ་ལས་རྣམ་གྲངས་ཁག་གི་འཕེལ་རིམ་བདེ་བླག་བྱུང་བ་དང་རང་བྱུང་འཐུང་ཆུས་གཙོ་བོ་བྱས་པའི་ཁྱད་ལྡན་ཐོན་ལས་དང་བཟོ་ལས་ཀྱི་དྲིལ་བསྒྲགས་འོས་སྦྱོར་བྱེད་ཤུགས་དང་སྤུས་རྟགས་ཀྱི་ཡིད་དབང་འཕྲོག་ཤུགས་སྔར་བས་ཆེ་རུ་ཕྱིན་ནས་བཟོ་ལས་གླིང་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད་པ་རེད།
         བོད་ལྗོངས་ཀྱི་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་པར་ཆ་མཚོན་ན། བོད་ཀྱི་དཔལ་འབྱོར་དང་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཐུབ་བསྟན་མཁས་གྲུབ་ཀྱིས“རྒྱལ་ཡོངས་དང་བསྡུར་ན་བོད་ཀྱི་བཟོ་ལས་དཔལ་འབྱོར་གྱི་སྤྱི་འབོར་དམའ་ཙམ་ཡོད། འོན་ཀྱང་འཕར་གྲངས་ཧ་ཅང་ཆེ་བས་འཕར་ཚད་མྱུར་པོ་ཡོད། དེ་དང་ཆབས་ཅིག་བོད་ཀྱིས་བཟོ་ལས་འཕེལ་རྒྱས་ཀྱི་འཐབ་ཇུས་འཆར་འགོད་ཧ་ཅང་ཆ་ཚང་པོ་བཟོས་ནས་སྨན་དང་སྨན་རྫས་བཟོ་སྐྲུན་ལས་རིགས་ཀྱི་བཟོ་ལས་དང་། མདོག་ལྡན་ལྕགས་རིགས་ཀྱི་ལྕགས་གཏེར་སྔོག་འདོན་ལས་རིགས་དང་ལྕགས་རིགས་མིན་པའི་གཏེར་རྫས་བཟོས་རྫས་ལས་རིགས་སོགས‘ཁྱད་ལྡན་ཐོན་ལས་བཟོ་ལས’འཕེལ་རྒྱས་ཀྱི་སྣེ་འདྲེན་གཏོད་ནས་ས་ཁུལ་གྱི་བཟོ་ལས་འཕེལ་རྒྱས་དེ‘འབོར་ཚད’ནས‘སྤུས་ཚད’བར་གྱི་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད། ཐོན་ལས་རིགས་སྒྱུར་ལ་སྐུལ་འདེད་བཏང་ནས་སྔོན་ཆད་ཀྱི་ཞིང་འབྲོག་ལས་དང་ཡུལ་སྐོར་ལས་རིགས་ཀྱིས་གཙོ་བོར་བྱས་པའི་ཐོན་ལས་དང་པོ་དང་གསུམ་པ་ཕྱོགས་བསྡུས་རང་བཞིན་གྱི་མཉམ་འདུས་རྣམ་པའི་ཐོན་ལས་འཕེལ་རྒྱས་གཏོང་བའི་བར་འགྱུར་ལྡོག་བཏང་བས་དེའི་རིང་བཟོ་ལས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་ངེས་རེད། གོམ་སྟབས་རྗེས་མར་བོད་ཀྱིས་ཁྲོམ་རའི་ལམ་སྲོལ་འཐུས་སྒོ་ཚང་པོ་ཡོང་བ་བྱས་ནས་ས་གནས་དེ་གའི་ཁྲོམ་ར་གསར་སྤེལ་ལ་སྐུལ་འདེད་གཏོང་བ་དང་ལྗོངས་ཕྱིའི་ཁྲོམ་ར་དང་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་བཟོ་ལས་དཔལ་འབྱོར་ཆེས་ཆེར་འཕར་བ་བྱ་རྒྱུ་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།