འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ཁག་དང་པོས“ཕྱིར་མིག་ལྟ་བའི”
    ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་27ཉིན། 12:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཉེ་ཆར། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ཁག་དང་པོས“ཕྱིར་མིག་བལྟ་བའི”ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་པ་རེད།
         མིག་སྔར། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ཁག་6བཙུགས་ནས་ཧོ་པེ་དང་། ཧོ་ནན། ནང་སོག ཉིང་ཞ། ཧེ་ལུང་ཅང་། ཅང་སུའུ། ཅང་ཤིས། ཀོང་ཏུང་། ཀོང་ཤིས། ཡུན་ནན་སོགས་ཞིང་ཆེན(རང་སྐྱོང་ལྗོངས)དུ“ཕྱིར་མིག་བལྟ་བའི”བཅའ་སྡོད་ལས་དོན་ལ་ལྟ་བཤེར་བྱ་རྒྱུའི་འགན་སོ་སོར་ཁུར་ཡོད་པ་རེད།
         བཀོད་སྒྲིག་གཞིར་བཟུང་། ལྟ་བཤེར་ཚོགས་ཆུང་6གིས་ཉེ་ཆར་སྔ་རྗེས་སུ་བཅའ་སྡོད་ལ་ལྟ་བཤེར་བྱ་རྒྱུ་ཡིན་པ་རེད། “ཕྱིར་མིག་ལྟ་བའི”ལྟ་བཤེར་ལས་དོན་ནང་སྔ་བར་ཕྱི་གསུམ་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིབ་བཤེར་གཏན་འཁེལ་བྱས་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་དག་ཐེར་ཇུས་གཞི་སྤྱིའི་ཆ་ནས་དོན་འཁྱོལ་བྱེད་ཚུལ་དང་། ལྟ་བཤེར་དག་ཐེར་ཇུས་གཞིའི་ནང་གི་གཙོ་གནད་ཁོར་ཡུག་གི་གནད་དོན་དག་ཐེར་ཞིབ་ཕྲ་བྱེད་པའི་འཕེལ་རིམ་གྱི་གནས་ཚུལ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་དང་དེར་སྐུལ་འདེད་གཏོང་ཚུལ་བཅས་ལ་གཙོ་གནད་ཐོག་ལྟ་བཤེར་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ལྟ་བཤེར་དག་ཐེར་བྱ་ཤུགས་མི་འདང་བ་དང་། ཐ་ན“ཕྱི་ཚུལ་ཙམ་གྱི་དག་ཐེར”དང་། “དག་ཐེར་བྱེད་ཁུལ” “དག་ཐེར་སླ་བཅོས”སོགས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ལ་གཙོ་གནད་ཐོག་དམིགས་རྒྱུ་མ་ཟད། ད་དུང་ལྟ་བཤེར་དག་ཐེར་ཇུས་གཞིའི་ནང་བཅུག་པའི་སྣོད་བཅུད་ཁོར་ཡུག་གི་གནད་དོན་གལ་ཆེན་དང་དེ་ཞིབ་བཤེར་ཐག་གཅོད་དང་དག་ཐེར་བྱེད་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱ་རྒྱུ་དང་། མི་དམངས་མང་ཚོགས་ཀྱི་ཉེ་འགྲམ་གྱི་སྣོད་བཅུད་ཁོར་ཡུག་གི་གནད་དོན་འཕྲལ་དུ་ཐག་གཅོད་དང་དག་ཐེར་བྱེད་ཚུལ་ལ་གཙོ་གནད་ཐོག་སྒྲུབ་སྐུལ་བྱ་རྒྱུ། ས་གནས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཏང་སྲིད་འགན་འཁྲི་གཅིག་འཁུར་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། འགན་འཁྲི་རྩད་གཅོད་ནན་པོ་བཅས་བྱེད་ཚུལ་ལ་གཙོ་གནད་ཐོག་ལྟ་བཤེར་བྱ་རྒྱུ་ཡིན་པ་རེད།
         ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་གྱི“ཕྱིར་མིག་བལྟ་བའི”བཅའ་སྡོད་དུས་ཚོད་ཟླ་1ཙམ་ཡིན་ཞིང་། བཅའ་སྡོད་བྱེད་རིང་། ལྟ་བཤེར་ཚོགས་ཆུང་ཁག་གིས་འབྲེལ་གཏུག་ཁ་པར་ཨང་གྲངས་དང་སྦྲག་སྲིད་ཡིག་སྒམ་ཁག་སོ་སོར་བཙུགས་ནས་ལྟ་བཤེར་བྱ་ཡུལ་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཡིག་བསྐུར་དང་ཁ་པར་གྱི་ཐེར་འདོན་དང་ལེན་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།