འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《གཞུང་ཁོངས་ཁེ་ལས་ཀྱི་གླ་ཕོགས་གཏན་འཁེལ་ལམ་སྲོལ་
    སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་བསམ་འཆར་》བཀྲམ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་27ཉིན། 12:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གཞུང་ཁོངས་ཁེ་ལས་ཀྱི་གླ་ཕོགས་གཏན་འཁེལ་ལམ་སྲོལ་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་བསམ་འཆར་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
         《བསམ་འཆར་》ནང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། གཞུང་ཁོངས་ཁེ་ལས་ཀྱི་གསོན་ཤུགས་དང་གཞུང་ཁོངས་ཁེ་ལས་ཀྱི་ལས་ཕྱོད་ཆེ་རུ་གཏོང་རྒྱུ་ལྟེ་བར་བྱེད་པ། ངལ་རྩོལ་ནུས་ཤུགས་ཁྲོམ་ར་དང་རྩ་བའི་ཆ་ནས་འཚམ་པ་དང་གཞུང་ཁོངས་ཁེ་ལས་ཀྱི་དཔལ་འབྱོར་ཕན་འབྲས་དང་ངལ་རྩོལ་ཐོན་སྐྱེད་དང་ཟུང་འབྲེལ་གྱི་གླ་ཕོགས་གཏན་འཁེལ་དང་རྒྱུན་གཏན་གྱི་མང་གཏོང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གཞུང་ཁོངས་ཁེ་ལས་ཀྱི་གླ་ཕོགས་བགོ་བཤའི་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཞུང་ཁོངས་མ་རྩ་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཡོང་འབབ་བགོ་བཤའ་དེ་བས་ལུགས་མཐུན་དང་དེ་བས་གོ་རིམ་དང་ལྡན་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བླང་བྱ་བཏོན་ཡོད་པ་རེད།
         《བསམ་འཆར་》ནང་། སྒྱུར་བཅོས་ཀྱི་ནང་དོན་གཙོ་བོ་གསལ་སྟོན་བྱས་པ་སྟེ། གཅིག་ནས་གླ་ཕོགས་སྤྱི་འབོར་གཏན་འཁེལ་ལམ་སྲོལ་སྒྱུར་བཅོས་བྱ་རྒྱུ་ཡིན་ཞིང་། གླ་ཕོགས་སྤྱི་འབོར་གཏན་འཁེལ་བྱ་ཐབས་སྒྱུར་བཅོས་བྱ་རྒྱུ་དང་། གླ་ཕོགས་དང་ཕན་འབྲས་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། གླ་ཕོགས་ཕན་འབྲས་ཀྱི་མཉམ་འགུལ་སྟོན་གྲངས་རིགས་དབྱེའི་སྒོ་ནས་གཏན་འཁེལ་བྱ་རྒྱུ་དང་། གཉིས་ནས་གླ་ཕོགས་སྤྱི་འབོར་དོ་དམ་བྱེད་ཐབས་སྒྱུར་བཅོས་བྱ་རྒྱུ་ཡིན་ཞིང་། གླ་ཕོགས་སྤྱི་འབོར་སྔོན་རྩིས་དོ་དམ་ཕྱོགས་ཡོངས་ནས་བྱ་རྒྱུ་དང་། གླ་ཕོགས་སྤྱི་འབོར་སྔོན་རྩིས་དུས་འཁོར་གཏན་འཁེལ་ལུགས་མཐུན་བྱ་རྒྱུ། གླ་ཕོགས་སྤྱི་འབོར་སྔོན་རྩིས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གསུམ་ནས་ཁེ་ལས་ནང་ཁུལ་གྱི་གླ་ཕོགས་བགོ་བཤའི་དོ་དམ་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞིང་། ཁེ་ལས་ནང་ཁུལ་གྱི་གླ་ཕོགས་སྤྱི་འབོར་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཁེ་ལས་ནང་ཁུལ་གྱི་བགོ་བཤའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། ཁེ་ལས་ཀྱི་གླ་ཕོགས་འགོད་སྤྲོད་ཐབས་ལམ་ཚད་ལྡན་དུ་གཏོང་རྒྱུ། བཞི་ནས་གླ་ཕོགས་བགོ་བཤའི་ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞིང་། གཞུང་ཁོངས་ཁེ་ལས་ཀྱི་གླ་ཕོགས་བགོ་བཤའི་ཐད་སྲིད་གཞུང་གིས་སྤྱི་ཁོག་མཛུབ་སྟོན་དང་སྙོམས་སྒྲིག་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུ་དང་། མ་འཇོག་པའི་འགན་འཁྲིའི་སྒྲིག་གཞིའི་གཞུང་ཁོངས་ཁེ་ལས་ཀྱི་གླ་ཕོགས་བགོ་བཤའི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱ་རྒྱུ། གཞུང་ཁོངས་ཁེ་ལས་ཀྱི་གླ་ཕོགས་བགོ་བཤའི་ནང་ཁུལ་གྱི་ལྟ་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། གཞུང་ཁོངས་ཁེ་ལས་ཀྱི་གླ་ཕོགས་བགོ་བཤའི་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་འཛུགས་རྒྱུ། གཞུང་ཁོངས་ཁེ་ལས་ཀྱི་གླ་ཕོགས་ཐད་ཀྱི་ཕྱི་ནང་ཡོང་འབབ་ལྟ་སྐུལ་ཞིབ་བཤེར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་བཅས་སོ།།
      

    ཕྱོགས་བསྡུས་གསར་འགྱུར།