འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱས་པའི་རྣམ་གྲངས་ཁྲོད་ཤེས་བྱ་ལག་རྩལ་སྤོ་བསྒྱུར་ལ་
    སྣང་ཆེན་བྱས་པར་གདེང་འཇོག་བཟང་པོ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་27ཉིན། 11:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་སྒྲོལ་ཤེས་བྱ་སྤོ་བསྒྱུར་བགྲོ་གླེང་ཚོགས་འདུ་མོ་ཙམ་པི་ཁེའི་རྒྱལ་ས་མོ་ཕུ་ཐོ་རུ་འཚོགས་ཤིང་། ཀྲུང་གོ་དང་། སིང་ཀ་ཕོར། མཉམ་འབྲེལ་རྒྱལ་ཚོགས་དང་དེ་བཞིན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོའི་རིགས་གཅིག་མཁས་ཅན་དང་། མཁས་དབང་། དཔོན་རིགས་བཅས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཤེས་བྱ་སྤོ་བསྒྱུར་གྱི་འབྲེལ་ཡོད་མཉམ་ལས་རྣམ་གྲངས་ཐད་གྲོས་བསྡུར་གཏིང་ཟབ་བྱས་ཏེ་ཀྲུང་གོས་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱས་པའི་རྣམ་གྲངས་ཁྲོད་ཤེས་བྱ་ལག་རྩལ་སྤོ་བསྒྱུར་ལ་སྣང་ཆེན་བྱས་པར་གདེང་འཇོག་བཟང་པོ་བྱས་པ་རེད།
         ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་ནི་སིང་ཀ་ཕོར་གྱི་ནན་དབྱང་རང་བྱུང་བཟོ་སྐྲུན་སློབ་ཆེན་སྤྱི་པའི་དོ་དམ་ཞིབ་འཇུག་སློབ་མའི་སློབ་གླིང་གིས་གཙོ་གཉེར་བྱས་པ་དང་མོ་ཙམ་པིའི་ཁེ་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་སུའོ་དང་མོ་ཙམ་པི་ཁེར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་གཞུང་དོན་ཁྲུའུ་ཡིས་མཉམ་འབྲེལ་ཐོག་གཉེར་བ་ཞིག་ཡིན།
         ནན་དབྱང་རང་བྱུང་བཟོ་སྐྲུན་སློབ་ཆེན་སྤྱི་པའི་དོ་དམ་ཞིབ་འཇུག་སློབ་མའི་སློབ་གླིང་གི་ཡོན་ཀྲང་ལིའུ་ཧུང་གིས་བགྲོ་གླེང་ཚོགས་འདུའི་ཐོག་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཤེས་བྱ་སྤོ་བསྒྱུར་མཉམ་ལས་རྣམ་གྲངས་ཁྲོད་དོ་སྣང་ཆེ་ཤོས་བྱེད་འདོད་ཡོད་པ་ནི་ཀྲུང་གོས་ཨ་ཧྥེ་རི་ཁར་བསྐྲུན་པའི་ཞིང་ལས་དཔེ་སྟོན་ལྟེ་གནས་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁུལ་ཡིན། རྣམ་གྲངས་དེ་དག་གི་ལྟེ་བའི་འདུ་ཤེས་དེ་ཀྲུང་གོའི་ཁེ་ལས་རྒྱལ་སྤྱི་ཅན་དུ་འགྱུར་རོགས་བྱེད་པ་དང་ཆབས་ཅིག་ཤེས་བྱ་དང་ལག་རྩལ་བརྒྱུད་བཤུག་ལ་སྐུལ་འདེད་བཏང་བ་བརྒྱུད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་དུ་འགྱུར་རོགས་བྱ་རྒྱུའང་ཡིན་ཞེས་བཤད། སླད་ཕྱིན་ཀྲུང་གོ་དང་ཨ་ཧྥ་རི་ཁའི་ཤེས་བྱ་སྤོ་བསྒྱུར་དེ་ཞིང་ལས་དང་། བཟོ་སྐྲུན་ལས་རིགས། གྲོང་ཁྱེར་འཆར་འགོད། དངུལ་རྩའི་ལས་རིགས་སོགས་ཁྱབ་ཁོངས་སུ་འཕེལ་རྒྱས་མྱུར་པོ་གཏོང་རྩིས་ཡོད་པ་རེད།
         མོ་ཙམ་པི་ཁེའི་ཞིང་ལས་ཞིབ་འཇུག་སུའོ་ཡི་དེ་སྔའི་སུའོ་ཀྲང་ཁ་ལི་སི་ཐུའོ·པི་ཡ་སིས་ཀྲུང་མོ་ཞིང་ལས་དཔེ་སྟོན་ལྟེ་གནས་དང་། ཨ་ཧྥེ་རི་ཁར་ཡོད་པའི་ཀྲུང་གོའི་ཆུ་འབྲས་འདེབས་འཛུགས་རྣམ་གྲངས་ཆེ་ཤོས་དབན་པའོ་མོ་ཙམ་ཞིང་ལས་གླིང་སོགས་ཀྱིས་ཀྲུང་མོའི་ཞིང་ལས་མཉམ་ལས་ལ་སྐུལ་གཏོང་དང་། ཤེས་བྱ་མཉམ་སྤྱོད་ཀྱི་ལས་སྟེགས་མཁོ་འདོན། ལག་རྩལ་མི་སྣ་གསོ་སྦྱོང་། འབྲུ་རིགས་བདེ་འཇགས་འགན་ལེན་སོགས་ཐད་ནུས་པ་གལ་ཆེན་ཐོན་པའི་དཔེ་དྲངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།