འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བསྟན་དོན་བསྡུ་ལེན་དང་བཤིག་སྤོ་ནི་སྔར་བཞིན་སྤྱི་ཚོགས་
    འགལ་ཟླའི་གཅིག་སྡུད་ཀྱི་ཁྱབ་ཁོངས་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་17ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་15ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་མི་དམངས་ཁྲིམས་ཁང་གི་བསྡུ་ལེན་དང་བཤིག་སྤོའི་དཔེ་མཚོན་གྱོད་གཞིའི་གསར་འགྱུར་བརྡ་གཏོང་ཚོགས་འདུ་འཚོགས་ཤིང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྲིད་འཛིན་ཐིང་གི་དིང་ཀྲང་ཧོང་ཡུང་ཝུའེ་ཡིས། གྲོང་གསེབ་ཀྱི་མཉམ་སྡེབ་ས་ཞིང་དང་། གྲོང་ཁྱེར་གྱི་གཞུང་ཁོངས་ས་ཆའི་ཐོག་གི་ཁང་པ་གང་ཞིག་བསྡུས་རུང་། ཚང་མ་དཔལ་འབྱོར་འཕེལ་རྒྱས་དང་གྲོང་ཁྱེར་འཛུགས་སྐྱོང་དང་དམངས་འཚོ་འགན་སྲུང་དང་འབྲེལ་བ་ཡོད་པས། ས་གནས་སྲིད་གཞུང་གིས་བསྡུ་ལེན་དང་བཤིག་སྤོའི་ལས་འགན་ལེགས་སྒྲུབ་ཡག་པོ་བྱས་ནས་འཛུགས་སྐྲུན་རྣམ་གྲངས་ལ་དུས་ཐོག་ཏུ་ས་ཆ་སྤྱོད་རྒྱུ་ཡོང་བའི་འགན་ལེན་དང་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ལ། ས་ཆ་བསྡུ་ལེན་བྱ་ཡུལ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་དང་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བྱེད་དགོས། མི་དམངས་ཁྲིམས་ཁང་གིས་བསྡུ་ལེན་དང་བཤིག་སྤོའི་གྱོད་གཞི་ཐག་གཅོད་ཡག་པོ་བྱེད་པའི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་བྱས་ནས། གཞུང་དྲང་དང་དྲང་བདེན་གྱི་ཁྲིམས་སྐྱོང་ཁོར་ཡུག་ཅིག་གཏོད་རྒྱུ་དེ་ཁྲིམས་འཛིན་ལས་ཀའི་ཤུགས་རྒྱག་སར་བྱ་རྒྱུ་དང་། གྲོང་ཁྱེར་འཕེལ་རྒྱས་གཏོང་རིང་། སྤྱི་པའི་ཁེ་ཕན་དང་བདག་དབང་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་མཁོ་བའི་སྒྲིག་ལམ་བཟང་པོ་དང་ཁོར་ཡུག་བརྟན་པོ་ཁྲིམས་བཞིན་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།