འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་ངལ་རྩོལ་བཟོ་པའི་རྩ་འཛུགས་ཀྱིས་ལྗང་མདོག་དཔལ་འབྱོར་གྱིས་གོ་ལ་ཧྲིལ་པོར་
    ལས་ཞུཌ་ཀྱི་གོ་སྐབས་བསྐྲུན་སྲིད་ཅེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་17ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་14ཉིན། རྒྱལ་སྤྱིའི་ངལ་རྩོལ་བཟོ་པའི་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་རྒྱལ་ཁབ་ཁག་གིས་གལ་སྲིད་འོས་འཚམ་གྱི་སྲིད་ཇུས་བཟོས་ནས་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཚེ་2030ལོར་སླེབས་སྐབས་ལྗང་མདོག་དཔལ་འབྱོར་གྱིས་གོ་ལ་ཧྲིལ་པོར་ལས་ཞུགས་གོ་སྐབས་ཁྲི་2400གཏོད་སྲིད་ཅེས་བརྗོད།
         《2018ལོའི་གོ་ལ་ཧྲིལ་པོའི་ལས་ཞུགས་དང་སྤྱི་ཚོགས་ཀྱི་རྒྱང་ལྟ། ལྗང་མདོག་ལས་ཞུགས་》ཞེས་པའི་སྙན་ཞུའི་ནང་ནུས་རྒྱུའི་ཁོངས་གཏོགས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་ནུས་རྒྱུའི་གྲུབ་ཆར་འགྱུར་ལྡོག་གཏོང་བ་དང་། གློག་སྒུལ་རླངས་འཁོར་སྤྱོད་རྒྱུར་སྐུལ་འདེད་གཏོང་བ། ཨར་སྐྲུན་དངོས་པོའི་ནུས་རྒྱུའི་ཕན་འབྲས་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་ཀྱིས་ལས་ཞུགས་ཀྱི་གོ་སྐབས་གསར་པ་གཏོད་རྒྱུ་ཡིན་པ་དང་དུས་མཚུངས་མཁའ་རླུང་དང་། ཆུ། ས་རྒྱུ་སོགས་སྣོད་བཅུད་སྲུང་སྐྱོང་བྱ་ཐབས་ལས་ཞིང་ལས་དང་། ཉ་ལས། ནགས་ལས། ཡུལ་སྐོར་ལས་རིགས་སོགས་ཀྱི་ལས་ཞུགས་བརྟན་དུ་གཏོང་བར་ཕན་པ་ཡོད་པ་འཁོད་ཡོད།
         སྙན་ཞུའི་ནང་ནུས་རྒྱུ་ཐོན་སྐྱེད་དང་སྤྱོད་པའི་ཁྲོད“ལྗང་མདོག”བྱ་ཐབས་སྤྱད་ཚེ་གླིང་ཆེན་ཨ་མེ་རི་ཁ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་དེ་བཞིན་ཡོ་རོབ་བཅས་སུ་2030ལོར་སླེབས་སྐབས་ལས་གནས་ཁྲི་300དང་། ཁྲི་1400 ཁྲི་200མང་དུ་འགྲོ་སྲིད་ཅེས་འཁོད་ཡོད།
         དེ་དང་དུས་མཚུངས་སྙན་ཞུའི་ནང་རྒྱལ་ཁབ་ཁག་གིས་འཕྲལ་དུ་ཛ་དྲག་གི་བྱ་སྤྱོད་སྤེལ་ནས་མི་རྣམས་ལ་ལྗང་མདོག་དཔལ་འབྱོར་གཞན་སྒྱུར་ལ་མཁོ་བའི་རྩལ་ནུས་མཁོ་འདོན་བྱེད་པ་དང་ལྗང་མདོག་དཔལ་འབྱོར་གཞན་སྒྱུར་གྱིས་སླར་ཡང་ལས་ཞུགས་དཀའ་བ་དང་དབུལ་པོ་སོགས་ཀྱི་སྤྱི་ཚོགས་གནད་དོན་འགོག་རྒྱུའི་འབོད་སྐུལ་བྱས་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།