འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་བཟོས་པའི་ཨེ་ཏི་སི་ཨ་པ་པ་ནས་ཅི་པུ་ཐི་བར་གྱི་ལྕགས་ལམ་གྱིས་ས་ཁུལ་ཕན་ཚུན་གྱི་
    སྦྲེལ་མཐུད་ལ་སྐུལ་འདེད་ཐེབས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་17ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ལྕགས་ལམ་ཅུས་གཉིས་པའི་ཚོགས་པ་ཚད་ཡོད་ཀུང་སི་དང་ཀྲུང་གོ་ཨར་ལས་བཟོ་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་མཉམ་དུ་སྐྲུན་འགན་འཁུར་བ་དང་གཉེར་སྐྱོང་བྱས་པའི་ཨེ་ཏི་སི་ཨ་པ་པ་ནས་ཅི་པུ་ཐི་བར་གྱི་ལྕགས་ལམ་2018ལོའི་ཟླ་1ཚེས་1ཉིན་དངོས་སུ་སྤྱོད་འགོ་ཚུགས་ཡོད། ལྕགས་ལམ་གྱི་རིང་ཚད་སྤྱི་ལེ་752.7ཟིན་ནས་ཨ་ཧྥེ་རི་ཁ་ཤར་རྒྱུད་ཀྱི་དེང་རབས་གློག་ཤུགས་ཅན་གྱི་ལྕགས་ལམ་དང་པོ་དེ་ཡིན་ལ་ཀྲུང་གོའི་ཁེ་ལས་ཀྱིས་ཕྱི་རྒྱལ་དུ་བསྐྲུན་པའི་ཐོན་ལས་འབྲེལ་ཐག་གི“ཕྱིར་སྐྱོད་པའི”ལྕགས་ལམ་དང་པོ་དེའང་རེད། མ་རྩ་མཉམ་འདྲེས་དང་། འཆར་འགོད། ཨར་ལས། རྒྱུ་ཆ་གྲ་སྒྲིག་བཅས་ནས་ཤར་གཏོང་ཐུབ་རྗེས་ཀྱི་གཉེར་སྐྱོང་བཅས་ཚང་མ་ཀྲུང་གོའི་ཀུང་སིས་འགན་འཁུར་བ་ཞིག་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།