འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།དེང་རབས་ཞིང་ལས་འཕེལ་རྒྱས་བཏང་ནས་གྲོང་གསེབ་དར་རྒྱས་ཡོང་བ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་17ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཧོ་པེ་ཞིང་ཆེན་ཝུན་ཨན་རྫོང་གིས་དེང་རབས་ཞིང་ལས་འཕེལ་རྒྱས་ཧུར་ཐག་བཏང་སྟེ། ས་མེད་འདེབས་འཛུགས་དང་། ཚ་དྲོད་འགྱུར་མེད་ཀྱི་དྲོད་ཁང་ཆེ་མོ། རང་འགུལ་ངང་ཆུ་གཏོང་བ་སོགས་སྔོན་ཐོན་གྱི་ཞིང་ལས་སྒྲིག་ཆས་དང་ལག་རྩལ་ནང་འདྲེན་བྱས་ཏེ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་སྐྱེ་ལྡན་དང་། ལྗང་མདོག སྤྱི་གནོད་མེད་པ་བཅས་ཀྱི་འདེབས་འཛུགས་བྱས་པ་མ་ཟད། ཚན་རྩལ་གྱི་མ་འཇོག་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་དཔེ་སྟོན་སྣེ་ཁྲིད་བྱེད་རྒྱ་ཆེ་རུ་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱས་ཡོད། མིག་སྔར་རྫོང་ཡོངས་སུ་ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་སྣེ་འདྲེན་ཁེ་ལས་དང་གཞི་ཁྱོན་ལྡན་པའི་ཞིང་ལས་ཁེ་ལས་གཞན་དག་སོགས་30ལྷག་ཙམ་ཡོད་པ་དང་། ཞིང་དུད་1040ལ་ཁྱབ་པ་མ་ཟད། གྲོང་གསེབ་ཀྱི་ལས་ཞུགས་མི་འབོར་1600ལྷག་ཙམ་གྱི་ཡིད་དབང་བཀུག་ཡོད་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།