འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྭ་ཝེ་ཀུང་སིས་ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་དང་མཉམ་ལས་བྱས་ནས་རིག་ནུས་གླིང་བསྐྲུན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་17ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་སིའི་བྷེ་ཨུ་རུ་སུའི་ཡན་ལག་ཀུང་སིས་ཚེས་14ཉིན་ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་གསར་སྤེལ་ཀུང་སི་དང་མཉམ་ལས་ཀྱི་བརྗེད་ཐོར་མིང་རྟགས་བཀོད་པ་རེད། ཧྭ་ཝེ་ཀུང་སིས་ཆ་འཕྲིན་ལག་རྩལ་ཐད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་བཟོ་ལས་གླིང་དང་མཉམ་ལས་བྱས་ནས་རིག་ནུས་གླིང་བསྐྲུན་རྒྱུ་རེད།
         ཧྭ་ཝེ་ཀུང་སི་ནི་ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་ལ་ཞུགས་མཁན་ཁག་དང་པོའི་ཁེ་ལས་ཀྱི་གྲས་ཤིག་ཡིན་པ་དང་། ཉིན་དེར་ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་དུ་བཙུགས་པའི་ཧྭ་ཝེ་ཀུང་སིའི་མཉམ་འབྲེལ་གསར་གཏོད་ལྟེ་གནས་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཤིང་། གསར་གཏོད་ལྟེ་གནས་དེས་བཟོ་ལས་གླིང་འཛུགས་སྐྲུན་དང་བཟོ་ལས་གླིང་དུ་བཅའ་སྡོད་བྱེད་མཁན་ཁེ་ལས་ལ་སྔོན་གཏན་འཆར་འགོད་ཀྱི་ཆ་འཕྲིན་དང་། འཕྲིན་གཏོང་ལག་རྩལ་གྱི་དཀའ་གནད་སེལ་བའི་ཇུས་གཞི་དང་། ཐོན་ཟོག ཞབས་ཞུ་བཅས་མཁོ་འདོན་བྱ་རྒྱུ་རེད།
         ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་ནི་བྷེ་ཨུ་རུ་སུའི་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཆེ་ཤོས་ཤིག་ཡིན་པ་མ་ཟད། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་རྣམ་གྲངས་གལ་ཆེན་ཞིག་ཀྱང་ཡིན་པར་བརྟེན“རྒྱུད་གཅིག་ལམ་གཅིག”གི་མུ་ཏིག་རྣམ་གྲངས་ཞེས་འབོད་ཀྱི་ཡོད། 2015ལོའི་ལོ་སྨད་དུ་ངོ་བོའི་རང་བཞིན་གྱི་གསར་སྤེལ་བྱས་པ་ནས་བཟུང་བཟོ་ལས་གླིང་གསར་སྤེལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུར་སྐུལ་མ་ཐེབས་ཡོད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།