འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།“ཀྲང་ཧེང་ཨང་དང་པོ”ལས་རང་རྒྱལ་གྱི་ས་ཡོམ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་
    གཏོང་བར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་15ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གོང་ཚེས་ཉིན། དབུན་ཁྲོན་དུ་ས་ཡོམ་བརྒྱབ་ནས་ལོ་བཅུ་ཡི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དང་སྐབས་བཞི་པའི་སྐམ་ས་ཆེ་མོའི་ས་ཡོམ་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་གློག་ཁབ་ལེན་ལྟ་ཞིབ་ཚད་ལེན་ཚོད་ལྟ་སྲུང་སྐར་དང་པོ“ཀྲང་ཧེང་ཨང་དང་པོ”ལས་བྱུང་བའི་གྲངས་གཞིར་དབྱེ་ཞིབ་བྱས་པ་བརྒྱུད་ས་ཡོམ་ལྟ་ཞིབ་ཚད་ལྡན་ཞིབ་འཇུག་ཐད་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
         “ཞིབ་འཇུག་བྱས་པ་བརྒྱུད་ང་ཚོས་ས་ཡོམ་ཆེན་པོ་མ་བརྒྱབ་གོང་ས་གོ་ལའི་ཁབ་ལེན་ར་བ་ཚང་མར་འགྱུར་ལྡོག་འགྲོ་ཡི་ཡོད་པ་ཤེས་རྟོགས་ཐུབ་བྱུང་། ‘ཀྲང་ཧེང་ཨང་དང་པོ’ཡིས་ས་གོ་ལའི་ཁབ་ལེན་ར་བའི་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་ས་ཡོམ་གྱི་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱེད་ཀྱི་ཡོད”ཅེས་ཀྲུང་གོ་ས་ཤུན་ལྡོག་ཤུགས་ཞིབ་འཇུག་སུའོ་ཡི་སྤྱི་ཁྱབ་བཟོ་བཀོད་པ་ཧྲེན་ཤུས་ཧུའེ་ཡིས་བཤད།
         རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱི་མ་ལག་འདུ་འགོད་སིའི་སི་ཀྲང་གཞོན་པ་ཀྲའོ་ཅན་གྱིས་ངོ་སྤྲོད་བྱས་པར། སྲུང་སྐར་ལ་ས་ཁམས་གནས་བབ་ཀྱི་ཚོད་འཛིན་ཕོག་གི་མེད་པ་དང་ཆ་འཕྲིན་གལ་ཆེན་མཁོ་འདོན་བྱེད་པ་དང་རྒྱབ་སྐྱོར་བྱེད་པའི་ལས་འགན་འཁུར་དགོས་ཀྱི་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།