འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མངའ་རིས་སུ་ཁལ་མ་དེད་ནས་བདེ་སྐྱིད་འཚོ་བར་རོལ་བཞིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་15ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         ཁལ་མ་དེད་ནས་འགྲོ་བའི་སྐོར་ཐོས་ཚེ། དང་ཐོག་མི་རྣམས་ལ་འཚོ་བས་དབུལ་བའི་སྣང་བ་ཞིག་བསྟེར་ནའང་། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་བར་ག་ཤང་གངས་ས་གྲོང་ཚོའི་མང་ཚོགས་རྣམས་ཀྱིས་དེ་འདྲའི་ངང་དབུལ་ཞྭ་ཕུད་ནས་ཕྱུག་པོའི་ལམ་དུ་བསྐྱོད་ཡོད།
         གངས་ས་གྲོང་ཚོ་ནི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྲགས་ཅན་གངས་རིན་པོ་ཆེ་བསྐོར་སྐབས་བརྒྱུད་དགོས་ངེས་ཀྱི་ལམ་དུ་གནས་ཡོད།
         གངས་རིན་པོ་ཆེར་གངས་སྐོར་རྒྱག་སར་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ལྷག་ཟིན་སྟབས། ཡུལ་སྐོར་བ་མང་པོ་ཞིག་གི་ལུས་ཤུགས་ཟད་ནས་མཁོ་ཆས་དག་ཁལ་མ་གླས་ནས་སྐྱེལ་དགོས་ཀྱི་ཡོད། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དགུ་བཅུའི་དུས་སུ་གངས་སའི་ཡུལ་མི་ཚོས་རང་འགུལ་ངང་སྒྲིག་འཛུགས་བྱས་ནས་དངོས་ཟོག་ཁལ་མར་བརྟེན་ཏེ་སྐྱེལ་འགོ་བརྩམས།
         2010ལོར་གོང་རིམ་སྡེ་ཚན་གྱི་རྒྱབ་སྐྱོར་འོག གངས་ས་གྲོང་ཚོར་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་སོགས་གཞི་གཅིག་ཏུ་འདུས་པའི་ཁལ་མའི་སྐྱེལ་འདྲེན་ཞབས་ཞུའི་ལྟེ་གནས་བཙུགས་པ་རེད།
         ལྟེ་གནས་ཀྱི་གཞུང་དོན་ཁང་གྲོང་ཚོ་ཨུ་ལྷན་གྱི་དྲོད་ཁང་ནང་བཙུགས་པ་དང་། ཡུལ་སྐོར་བས་དེར་ཚོང་འགྲིགས་རྗེས་ལྟེ་གནས་ཀྱིས་དགོས་མཁོ་ལྟར་འབྲི་གཡག་དང་། རྟ། མི་བཅས་ཅི་ཙམ་དགོས་པ་བཀོད་སྒྲིག་བྱེད་ཀྱི་ཡོད།
         གྲོང་ཚོའི་ཀྲུའུ་རེན་འཇིགས་མེད་རྡོ་རྗེས“ང་ཚོས་མི་ཕྱུགས་གང་གླ་བའི་རིན་གོང་ཁ་གསལ་བཟོ་ཡི་ཡོད། འབྲི་གཡག་གཅིག་གླས་ན་སྒོར་240དང་ཀུ་ལི་གཅིག་གླས་ན་སྒོར་260ཡིན་པ་མ་ཟད། རྟ་ལའང་དེ་མཚུངས་ཀྱི་རིན་གོང་ཡོད་པས་གླ་མཁན་མང་པོ་ཡོད། འདི་ལོར་ཡུལ་སྐོར་དུ་ཡོང་མཁན་མང་བའི་དུས་སུ་སླེབས་མེད་ནའང་ཡོང་འབབ་སྒོར་ཁྲི་ཁ་ཤས་བྱུང”ཞེས་བཤད།
         ལོ་ཤས་རིང་། ཡུལ་སྐོར་བ་ཇེ་མང་དུ་འགྲོ་བ་དང་ཆབས་ཅིག་ཁལ་མའི་སྐྱེལ་འདྲེན་ཞབས་ཞུའི་ལྟེ་གནས་ཀྱི་གཞི་ཁྱོན་ཡང་རིམ་བཞིན་ཆེ་རུ་འགྲོ་བཞིན་ཡོད། སྲིད་གཞུང་གིས་མ་དངུལ་ནས་བརྒྱབ་སྐྱོར་བྱས་པ་དང་ཁེ་སྤོགས་ནས་ཁག་གཅིག་ཕྱུགས་ཟོག་ཉོས་པ་རིན་པ་མེད་པར་ཡུལ་མིར་བདག་སྐྱོང་དང་བེད་སྤྱོད་རྒྱུར་སྤྲད་པ་དང་། ཁལ་མ་དེད་ནས་བྱུང་བའི་ཡོང་འབབ་ཚང་མ་ཡུལ་མི་རང་ཉིད་ལ་བདག་གི་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 2017ལོར་ལྟེ་གནས་དེར་ཡོང་འབབ་ཁེ་གཙང་སྒོར་ཁྲི་1000ཙམ་བྱུང་ཞིང་། ཐོན་ལས་འཁོར་འབྲེལ་རྒྱ་བསྐྱེད་ཆེད་ལྟེ་གནས་ཀྱིས་ཡོང་འབབ་ཁྲོད་ནས་མ་དངུལ་ཁག་གཅིག་བཏོན་པའི་ཁར་སྲིད་གཞུང་གི་རོགས་སྐྱོར་མ་དངུལ་བསྡོམས་ནས་དམངས་ཕན་སྒོ་རྩིས་ཚོང་ཁང་དང་། ཇ་ཁང་། དབུལ་སྐྱོར་མགྲོན་ཁང་སོགས་དཔལ་འབྱོར་དངོས་ཚན་སྔ་རྗེས་སུ་གཉེར་ཏེ་ཡོང་སྒོ་རྒྱུན་ཆད་མེད་པར་མང་དུ་བཏང་ཡོད།
         གངས་ས་གྲོང་ཚོའི་ཚོགས་ཆུང་དང་པོའི་ཙུའུ་ཀྲང་པད་མ་ཤེས་རབ་ཀྱི་ཁྱིམ་ལ་མི་བརྒྱད་ཡོད་པ་དང་། འབྲི་གཡག་16དང་རྟ་6ཚང་མ་ལྟེ་གནས་ཀྱིས་རིན་པ་མ་བླངས་པར་སྤྲད་པ་ཞིག་རེད། ན་ནིང་ཡུལ་སྐོར་བར་ཁལ་མ་དེད་པ་ཁོ་ན་ནས་ཡོང་འབབ་སྒོར་ཁྲི་8.8བྱུང་ཡོད།
         “འདི་ལོར་ང་ཚོའི་སྒོ་རྩིས་ཚོང་ཁང་དང་། ཇ་ཁང་། མགྲོན་ཁང་སོགས་ཁོ་ནའི་གཉེར་ཁྱོན་རྒྱ་བསྐྱེད་པའི་དཔལ་འབྱོར་དངོས་ཚན་གྱི་ཡོང་འབབ་སྒོར་ཁྲི་300ལས་བརྒལ་བཟོ་ཡོད”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྡོ་རྗེ་པད་མས་དེ་ལྟར་བཤད་ཅིང་། ཁོང་གིས“ང་ཚོས་སློབ་ཆེན་ཐོན་པའི་སློབ་མ་བསྡུས་པ་དང་ལོ་གསུམ་ནང་དྲ་ཐོག་ནས་མངགས་ཐོའི་ལས་ཀ་སྒྲུབ་རྩིས་ཡོད་པས། དེ་དུས་མང་ཚོགས་ཀྱི་ཡོང་འབབ་ཏན་ཏན་མང་དུ་འགྲོ་ངེས་རེད”ཅེས་བཤད།
         ད་ཆ་བར་ག་ཤང་དེ་བོད་རང་སྐྱོང་ལྗོངས་རིམ་པའི་ཁྱད་ལྡན་ཚོང་འདུས་གྲོང་སྡེ་དང་ཁག་གཉིས་པའི་རྒྱལ་ཡོངས་ཀྱི་ཁྱད་ལྡན་ཚོང་འདུས་གྲོང་སྡེར་བདམས་ཡོད། འཆར་བཀོད་ལྟར་ན། 2018ལོར་བར་ག་ཤང་གི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་ཚང་ཡོང་བ་བྱས་ནས་ཡུལ་སྐོར་ཞབས་ཞུ་སྒྲུབ་ནུས་ཆེ་རུ་དང་སྤུས་ཚད་ལེགས་སུ་བཏང་སྟེ་ཡུལ་སྐོར་བར་སྣེ་ལེན་ཞུ་ནུས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
         “ད་ཆ་སྲིད་ཇུས་ལོ་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད་པས་མང་ཚོགས་ཀྱི་འཚོ་བ་ཇེ་ཡག་ཏུ་འགྲོ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཆེན་པོ་ཡོད”ཅེས་བར་ག་ཤང་གི་ཤང་ཀྲང་ཡེ་ཤེས་ཚུལ་ཁྲིམས་ཀྱིས་དེ་ལྟར་བཤད།
      

    ཕྱོགས་བསྡུས་གསར་འགྱུར།