འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གངས་དཀར་གྱི་ས་བབ་མཐོ་བའི་འཛམ་གླིང་གངས་ཤུད་དང་རི་འཛེག་མཁས་ཅན་
    གྱི་འགྲན་བསྡུར་སྐབས་དང་པོ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་15ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་13ཉིན། མཚོ་སྔོན་གངས་དཀར་གྱི་ས་བབ་མཐོ་བའི་འཛམ་གླིང་གངས་ཤུད་དང་རི་འཛེག་མཁས་ཅན་གྱི་འགྲན་བསྡུར་སྐབས་དང་པོ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡི་གངས་དཀར་རི་བོའི་འདབས་སུ་གཉེར་འགོ་ཚུགས་ཡོད།
         ད་རེས་ཀྱི་འཛམ་གླིང་གི་མཁས་ཅན་འགྲན་བསྡུར་ནི་གངས་ཤུད་དང་རི་འཛེག་རྣམ་གྲངས་ས་བབ་མཐོ་ཚད་སྨི་4300ཡན་གྱི་ས་གནས་སུ་གཉེར་ཐེངས་དང་པོ་ཡིན་པའི་རྒྱལ་སྤྱིའི་རང་བཞིན་གྱི་འགྲན་བསྡུར་ཞིག་རེད། འགྲན་བསྡུར་ནང་ཀྲུང་གོ་དང་། དབྱི་ཐ་ལི། ཧྥ་རན་སེ་སོགས་རྒྱལ་ཁབ་དང་ས་ཁུལ་60ལྷག་ཙམ་གྱི་ཆུ་ཚད་མཐོ་བའི་ལུས་རྩལ་པ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།
         རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲུང་གོ་རི་འཛེག་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་ཧྥུང་གིས“གངས་ཀྱི་ཁྱད་ཆོས་དང་། ས་དབྱིབས། རོགས་སྐྱོབ་སོགས་ཀྱི་ངོས་ནས་བརྗོད་ན་གངས་དཀར་རི་བོར་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་གངས་ཤུད་དང་རི་འཛེག་གི་ཆ་རྐྱེན་འཛོམས་ཡོད་པའི”ངོས་འཛིན་བྱེད་ཀྱི་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2011ལོ་ནས་བཟུང་། ཀྲུང་གོ་རི་འཛེག་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས། མཚོ་བྱང་ཀྲོའུ་མི་དམངས་སྲིད་གཞུང་སོགས་ཀྱིས་གངས་དཀར་རི་བོར་མཉམ་དུ་རྒྱལ་ཡོངས་དང་དེ་བཞིན་ཨེ་ཤེ་ཡ་རིམ་པའི་གངས་ཤུད་དང་རི་འཛེག་སྤེལ་རེས་ཀྱི་འདུ་ཚོགས་ཆེ་མོ་གཉེར་གྱི་ཡོད། 2015ལོར་འགྲན་བསྡུར་དེ་ཉིད་རྒྱལ་སྤྱིའི་རིམ་པའི་འགྲན་བསྡུར་ལ་རིམ་སྤོར་བྱས་པ་དང་ད་ལོ་འཛམ་གླིང་གི་མཁས་ཅན་འགྲན་བསྡུར་ལ་རིམ་པ་སྤར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།