འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་མྱེས་རྨ་ཆེན་གངས་རྒྱབ་ཀྱི་2018ལོའི་ཁག་དང་པོའི་གཙོད་ཀྱིས་གནས་སྤོ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་08ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཨ་མྱེས་རྨ་ཆེན་གངས་རྒྱབ་ཀྱི་2018ལོའི་ཁག་དང་པོའི་གཙོད་ཀྱིས་གནས་སྤོ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་5ཉིན། གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་ཕྱོགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འཛམ་གླིང་རང་བྱུང་ཤུལ་བཞག་སྟེ་མཚོ་སྔོན་གྱི་ཨ་མྱེས་རྨ་ཆེན་གངས་རྒྱབ་ཏུ་ཉེ་ཆར་2018ལོའི་ཁག་དང་པོའི་གཙོད་ཀྱིས་གནས་སྤོ་བྱེད་བཞིན་ཡོད་པ་རེད། ཨ་མྱེས་རྨ་ཆེན་གངས་རྒྱབ་དོ་དམ་ཁུལ་གྱི་ལས་སྒྲུབ་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་5ཚེས་3ཉིན་གྱི་ཕྱི་དྲོར། གཙོད་50ཁྱུ་བྱས་ཏེ་གནས་སྤོ་བྱེད་བཞིན་ཡོད་པ་དང་། མུ་མཐུད་ནས་མཚོ་བོད་མཐོ་སྒང་གི་གཞུང་ལམ་2997ཁུལ་བརྒྱུད་དེ། རྨ་ཆེན་གངས་རྒྱབ་ཀྱི་ལྟེ་བ་རྩོ་ནག་མཚེའུ་རུ་ཕྲུ་གུ་སྐྱེ་བར་བསྐྱོད་པ་རེད། གནས་སྤོ་བའི་དུས་ཚོད་ནི་ན་ནིང་ལོ་དང་གཞི་རྩའི་ཆ་ནས་མཐུན་པ་རེད། 
         སྤྱི་བཏང་གི་ཆ་ནས། གཙོད་ཀྱི་ཨ་མ་ལ་ཕྲུ་གུ་བཙའ་རྗེས་སུ། ན་ནིང་ལོར་སྐྱེ་པའི་གཙོད་དེ་གཙོད་ཀྱི་ཨ་ཕ་ལ་གསོ་སྐྱོང་བྱེད་བཅུག་པ་དང་། རང་ཉིད་ཀྱིས་མངའ་ཆགས་པའི་གཙོད་གཟིགས་སྐྱོང་བྱེད་པ་རེད། ཕྲུ་གུ་སྐྱེ་བ་ལ་ཟླ་བ་གཅིག་ལྷག་ཡོད་པའི་སྐབས་སུ། གཙོད་ཀྱི་ཨ་མས་འཁྱགས་རོམ་བརྒལ་ཏེ། མཚོ་སྔོན་གྱི་གཙང་གསུམ་ཆུ་འགོ་དང་། བོད་ལྗོངས་ཀྱི་བྱང་ཐང་། ཤིན་ཅང་གི་ཨར་ཅི་རི་བོ་སྟེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནས་ལེ་བ་སྟོང་ཕྲག་གི་ཕྱི་རོལ་ཏེ"ཉི་འོད་མཚོ"དང"རྩོ་ནག་མཚེའུ"རུ་བསྐྱོད་དེ་གཅིག་ཏུ་འདུས་ནས་ཕྲུ་གུ་སྐྱེ་བ་རེད། 
         གཙོད་ཨ་མར་ཕྲུ་གུ་སྐྱེ་བ་དང་། གཟུགས་པོ་སླར་གསོ་བྱུང་རྗེས། གཙོད་མ་བུ་ཁྱུ་བྱེད་དེ་ལེ་བར་སྟོང་ཕྲག་གི་གནས་ནས་ཕྱིར་ལོག་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།