འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་ཐོག་ཏུ་ཐོག་མར་བསྐྱོད་པའི་ཚོད་ལྟ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་15ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་གྲུ་ཆེན་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ཚེས་13ཉིན་གྱི་ཐོ་རེངས། རང་རྒྱལ་གྱིས་བཟོས་པའི་གནམ་ཐང་གྲུ་གཟིངས་ཐོག་མ་དེ་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་གྲུ་ཆེན་ཚོགས་པའི་གྲུ་ཁ་ནས་དལ་གྱིས་ཁ་གྱེས་ཤིང་། རང་རྒྱལ་གྱིས་བཟོས་པའི་གནམ་ཐང་གྲུ་གཟིངས་ཐོག་མ་དེ་གྲུ་ཁ་ནས་གྱེས་རྗེས། རང་བརྟེན་ཞིབ་བཟོ་བྱས་པའི་སྒུལ་ཤུགས་མ་ལག་དང་སྐུལ་འདེད་མ་ལག་གིས་རྒྱ་མཚོའི་ཁོར་ཡུག་གི་ཚོད་བགམ་དངོས་སུ་དང་ལེན་བྱེད་རྒྱུ་དང་འབྲེལ་དམག་འཐབ་དམག་གྲུ་ངོ་མ་ཞིག་ཏུ་འགྱུར་རྒྱུར་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད་པ་རེད།
         འདི་ནི་རང་རྒྱལ་གྱིས་བཟོས་པའི་གནམ་ཐང་གྲུ་གཟིངས་ཐོག་མ་དེ་རེད་ལ། རང་རྒྱལ་གྱི་གནམ་ཐང་གྲུ་གཟིངས་ཨང་གཉིས་པ་ཡིན་པ་དེ་2017ལོའི་ཟླ་4ཚེས་26ཉིན་ཆུ་ནང་བཏང་ཞིང་། རིགས་གཅིག་མཁས་ཅན་གྱིས་ལེའོ་ཉིང་གནམ་ཐང་གྲུ་གཟིངས་དང་བསྡུར་ཚེ། རང་རྒྱལ་གྱིས་བཟོས་པའི་གནམ་ཐང་གྲུ་གཟིངས་ཐོག་མ་དེ་ཇུས་བཀོད་ནས་བཟོ་བའི་བར་ཚང་མ་རང་རྒྱལ་གྱིས་རང་བརྟེན་ལེགས་སྒྲུབ་བྱས་པ་ཞིག་དང་འབྲེལ་ལེའོ་ཉིང་གནམ་ཐང་གྲུ་གཟིངས་ལ་སྤྱད་པའི་ཉམས་མྱོང་གི་རྨང་གཞིའི་ཐོག་བཟང་སྒྲིག་ཐེངས་མང་བྱས་པར་བརྟེན་ནུས་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད། འདི་ཉིད་ཞིབ་བཟོ་དང་བཟོ་ཐུབ་པ་བྱུང་བ་དེས་རང་རྒྱལ་གྱིས་གནམ་ཐང་གྲུ་གཟིངས་འབྲིང་གྲས་བཟོ་བའི་ལག་རྩལ་ཁོང་དུ་ཆུད་པ་དང་ཕྱིས་སུ་མུ་མཐུད་གནམ་ཐང་གྲུ་གཟིངས་ཆེ་གྲས་བཟོ་བའི་ནུས་པ་ལྡན་པ་མཚོན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།