འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་འགག་སྒོ་ཁག་གི་འགག་སྒྲོལ་མྱུར་ཚད་སྔར་བས་མཐོ་རུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་15ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པར་བོད་ལྗོངས་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན་དུ། བོད་ཀྱི་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཏང་ཨུད་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ལས་སྒོ་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཡོངས་འགག་སྒོ་ལས་ཁུངས་ཀྱི་འགག་སྒྲོལ་གཞི་གཅིག་ཅན་གྱི་སྒྱུར་བཅོས་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་བ། “ཕན་ཚུན་གསུམ”གྱི་འགག་སྒྲོལ་འཛུགས་སྐྲུན་ཆེ་མོ་སྔར་བས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་བོད་ཀྱི་ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད། འདི་ལོའི་དུས་ཚིགས་དང་པོར། ལྷ་ས་འགག་སྒོ་ལས་ཁུངས་ཀྱི་འགག་སྒྲོལ་ལྷུ་ཚིགས་ཁག་གི་ལས་ཆོད་ཆེས་ཆེར་མཐོ་རུ་ཕྱིན་པས་ཕྱིར་གཏོང་ནང་འདྲེན་འགག་སྒོའི་འགག་སྒྲོལ་དུས་ཚོད་དུས་མཚུངས་ལས་80%ཡན་ཐུང་དུ་ཕྱིན་ཏེ། འགག་སྒོ་ཁག་གི་ཕྱིར་གཏོང་ནང་འདྲེན་དངོས་ཟོག་གི་འགག་སྒྲོལ་མྱུར་ཚད་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད།
         བསྡོམས་རྩིས་བརྒྱབ་པར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་གསུམ་པའི་བར། བོད་ཀྱི་འགག་སྒོ་ཁག་གི་དངོས་ཡོད་རྒྱལ་མཚམས་འགྲོ་འོང་བྱེད་ཚད་འགག་སྒྲོལ་ལས་ཆོད་ནང་བཅུག་ནས་རྩིས་པའི་འགག་སྒྲོལ་སྙན་ཞུ་1893ཟིན་ནས་ལྡབ་1.25འཕར་བ་དང་། བོད་ཀྱི་འགག་སྒོ་ཁག་གི་ནང་འདྲེན་དངོས་ཟོག་འགག་སྒྲོལ་དུས་ཡུན་ཆུ་ཚོད་3.61ཡིན་པ་དེ་2017ལོའི་དུས་ཚིགས་དང་པོའི་ཆུ་ཚོད་178.13དང་བསྡུར་ན་ཆུ་ཚོད་174.52ཐུང་དུ་ཕྱིན་ནས་ཐུང་དུ་ཕྱིན་ཚད་97.8%ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་དུས་ཚོད་ལས་ཀྱང་ཆུ་ཚོད་5.46ཡིས་ཐུང་བ་རེད། ཕྱིར་གཏོང་འགག་སྒྲོལ་སྙན་ཞུའི་འགག་སྒྲོལ་ཆུ་ཚོད་0.57ཡིན་པ་དེ་2017ལོའི་དུས་ཚིགས་དང་པོའི་ཆུ་ཚོད་4.83དང་བསྡུར་ན་ཆུ་ཚོད་4.26ཐུང་དུ་ཕྱིན་ནས་ཐུང་དུ་ཕྱིན་ཚད་88.2%ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་དུས་ཚོད་ལས་ཀྱང་ཆུ་ཚོད་0.38ཡིས་ཐུང་བ་རེད། དུས་ཚིགས་དང་པོར་བོད་ཀྱི་ཉོ་ཚོང་འགག་སྒོ་ཁག་གི་ནང་འདྲེན་འགག་སྒྲོལ་སྙན་ཞུའི“ཆུ་ཚོད་24འགག་སྒྲོལ་ཚད”98.25%ཟིན་ནས་བརྒྱ་ཆའི་གྲངས་46.12འཕར་བ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་5.15ཡི་མཐོ་བ་དང་། འགག་སྒོའི་ཕྱིར་གཏོང་འགག་སྒྲོལ་སྙན་ཞུའི“ཆུ་ཚོད་24འགག་སྒྲོལ་ཚད”99.89%ཟིན་ནས་བརྒྱ་ཆའི་གྲངས་1.23འཕར་བ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་0.94ཡིས་མཐོ་བ་རེད། འགག་སྒྲོལ་ལས་ཆོད་ཆེས་ཆེར་འཕར་བས་དངོས་ཟོག་འགག་སྒྲོལ་མྱུར་ཚད་དངོས་འབྲེལ་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།