འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་སློབ་མས“ནན་ཁྲང་གི་སྐྱེད་མར”སྐྱེད་མའི་དུས་ཆེན་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་15ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཅང་ཤིས་ནན་ཁྲང་གྲོང་ཁྱེར་ཆིང་ཧྲན་ཧུའུ་ཆུས་ཐང་ཧྲན་གྲོང་རྡལ་ཧྲང་ཧྥང་ལམ་སྡེ་ཁུལ་དུ“གཅེས་སེམས་སྐྱེད་མའི”དང་བླངས་ཞབས་ཞུ་རུ་ཁག་ཅིག་གིས་སྐྱེད་མའི་བརྩེ་སེམས་བཅངས་བཞིན་ལོ་ལྟར་ནན་ཁྲང་དུ་སློབ་སྦྱོང་བྱེད་མཁན་བོད་རིགས་ཕྲུ་གུ་ཚོར་བྱམས་སྐྱོང་བྱས་པར་བརྟེན་ཕ་ཡུལ་དང་ཁ་འབྲལ་བའི་བོད་རིགས་ཕྲུ་གུ་ཚོ་དང་བརྩེ་སེམས་ཟབ་མོ་ཞིག་ཆགས་ཡོད། ཟླ་5ཚེས་13ཉིན་གྱི་སྐྱེད་མའི་དུས་ཆེན་ལ་ཅང་ཤིས་ནན་ཁྲང་སློབ་འབྲིང་བཅུ་བདུན་པའི་བོད་རིགས་འཛིན་གྲྭའི་ཕྲུ་གུ་ཚོས་སློབ་ཁང་དུ་སྒོ་ངའི་བག་ལེབ་སྟེང་ཡང་ལཱ་སྤར་ཏེ་གཅེས་སེམས་ཀྱི་སྐྱེད་མ་རྣམས་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།