འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ལས་བྱེད་པ་སུམ་སྟོང་གཞི་རིམ་དུ་འཚམས་འདྲིར་བསྐྱོད་ནས་དཀའ་གནད་སེལ་ཐབས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་12ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། “གྲོང་ཚོ་རྙིང་པ་སྒྱུར་བཀོད་བྱེད་པར་དུས་ཚོད་རིང་པོ་འགོར་སོང”“གྲོང་ཚོའི་འཕྲོད་བསྟེན་ཁང་དུ་ནད་གཞི་ལྟ་སྐབས་སྨན་རིན་འཕྲལ་མར་རྩིས་ཞུ་ཐུབ་རྒྱུའི་རེ་བ་ཡོད”ཉིན་ཤས་གོང་། ཧྲན་ཏུང་ཞིང་ཆེན་ཙེ་པོ་གྲོང་ཁྱེར་པོ་ཧྲན་ས་ཁོངས་ཀྱི་དབྱིན་ལེའུ་གྲོང་ཚོར་ཆུས་རིག་གནས་ཐོན་ལས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཝེ་ཡུང་གིས། མང་ཚོགས་དང་གླེང་མོལ་བྱེད་ཞོར་དུ་དམངས་ཀྱི་གནས་ཚུལ་འགོད་པའི་ཟིན་ཐོའི་ཐོག་བསྡུ་རུབ་ཐུབ་པའི་གནད་དོན་དག་འབྲི་བཞིན་ཡོད་པ་རེད། སྔ་དྲོའི་དུས་ཚོད་རིང་ཁོང་གིས་བསྟུད་མར་དུད་ཁྱིམ་6ལ་འཚམས་འདྲི་བྱས་ནས་གནད་དོན་13བསྡུ་རུབ་བྱས་པ་རེད། ན་ནིང་ཚུན་དུ་ཁོང་གིས་སྔ་རྗེས་སུ་ཝང་ཅ་ཀྲོང་གྲོང་ཚོ་དང་། པེ་ཤིང་གྲོང་ཚོ། ཝུའུ་ཕུའུ་ཡུས་གྲོང་ཚོ། ཞུས་ཡ་གྲོང་ཚོ། དབྱིན་ལེའུ་གྲོང་ཚོ་བཅས་ཁྱོན་གཞི་རིམ་མང་ཚོགས་ཀྱི་དུད་ཁྱིམ་86ལ་བསྐྱོད་པ་རེད། “དེ་སྔོན་གཤམ་སྐྱོད་མང་ས་ནི་གྲོང་རྡལ་སྲིད་གཞུང་དང་གྲོང་ཚོར་ལས་ཀ་སྒྲུབ་པ་ཁོ་ན་ཡིན་པས། མང་ཚོགས་དང་འབྲེལ་འདྲེས་ཉུང་ཉུང་ཡིན་པའི་ཁར་དོན་དམ་དུ་གཤམ་སྐྱོད་ཐུབ་མེད། ད་རེས་འཚམས་འདྲི་བྱས་པ་བརྒྱུད། ཕྱོགས་གཅིག་ནས་མང་ཚོགས་ཀྱི་སེམས་གཏམ་ཉན་ནས་གནད་དོན་ཐག་གཅོད་ཐུབ་པ་དང་ཕྱོགས་གཞན་ཞིག་ནས་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་སྲིད་ཇུས་གསར་པ་སྒྲོག་འགྲེལ་བྱེད་ཐུབ་ཀྱི་འདུག”ཅེས་ཝེ་ཡུང་གིས་བཤད།
         ན་ནིང“དམངས་འཚོ་བློ་འདྲི་དང་། བྱ་བ་དངོས་སྒྲུབ་པ། སྤྱོད་ཚུལ་ལེགས་སུ་གཏོང་བ”བཅས་ཀྱི་འཚམས་འདྲིའི་བྱེད་སྒོ་ཆེན་པོའི་རྨང་གཞིའི་ཐོག་པོ་ཧྲན་ཆུས་ཀྱིས་འདི་ལོ་མུ་མཐུད་ལས་བྱེད་པ་འཚམས་འདྲིར་སྐྱོད་པའི་རྒྱུན་མཐུད་ལོའི་བྱེད་སྒོ་སྤེལ་རྒྱུ་རེད། ཆུས་ཡོངས་ཀྱི་ཆུས་ཐད་གཏོགས་སྡེ་ཚན་83དང་གྲོང་རྡལ་ལས་ཁུངས་10ཡི་ཏང་ཡོན་ལས་བྱེད་པ་3200ལྷག་ཙམ་གྱིས་སྔ་རྗེས་སུ་རེས་སྐོར་གསུམ་གྱི་གཅིག་སྡུད་འཚམས་འདྲི་ཆེན་པོ་བྱེད་རིང་། དགེ་རྒན་ལ་འཚམས་འདྲི་དང་། ཁེ་ལས་ལ་འཚམས་འདྲི། དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བཅས་ཀྱི་གནད་སྨིན་འཚམས་འདྲི་ཐེངས་གསུམ་བྱས་པར་ཁྱོན་གྲོང་ཚོ(སྡེ་ཁུལ)288དང་། ཁེ་ལས་2442 རིམ་རྩིས་བྱས་ན་གྲོང་མི་དུད་ཚང་ཁྲི་39བཅས་ལ་འཚམས་འདྲི་བྱས་པས་མང་ཚོགས་ཀྱིས་བཏོན་པའི་གནད་དོན་ཁྲི་4ལ་ཉེ་བ་བསྡུ་རུབ་ཐུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།