འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱིར་བཏང་གི་མི་ཚེར་སྤྱིར་བཏང་མིན་པའི་མྱུར་སྐྱེལ་ལས་ལ་གཞོལ།

    —— སྐབས་གསུམ་པའི་མྱུར་སྐྱེལ་པ་ཡག་ཤོས་འཚོལ་བའི་བྱེད་སྒོའི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་12ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། སྐབས་གསུམ་པའི“ཀྲུང་གོའི་ཕུགས་འདུན·སྦྲག་སྲིད་ཀྱི་བརྩེ་བ། མྱུར་སྐྱེལ་པ་ཡག་ཤོས་འཚོལ་བ”ཞེས་པའི་བྱེད་སྒོའི་མཇུག་འབྲས་ཡོངས་བསྒྲགས་ཚོགས་འདུ་ཉེ་ཆར་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་ཏེ་མྱུར་སྐྱེལ་པ་10དང་མྱུར་སྐྱེལ་པའི་ཚོགས་པ་གཉིས་ལ“མྱུར་སྐྱེལ་པ་ཡག་ཤོས”ཀྱི་མཚན་སྙན་རག་པ་ཁྱབ་བསྒྲགས་བྱས་པ་རེད།
         “མྱུར་སྐྱེལ་པ་ཡག་ཤོས”ཀྱི་ཁྲོད་རང་འཁྲིའི་ལས་ཀར་གཞི་ཚུགས་པ་དང་ལས་གཅེས་ལས་བཀུར་གྱི་དཔེ་མཚོན། སྦྲག་སྲིད་EMSནས་ཡིན་པའི་ཁྲེན་གཡན་ཅུན་གྱིས་ལོ་35ཉིན་གཅིག་ལྟར་ལས་གནས་བརྟན་སྲུང་དང་སྐྱེལ་སྤྲོད་དང་། ལས་གཉེར། རྩིས་གཉེར་སོགས་ཀྱི་འཇོན་ཐང་ཁག་བྱང་ཆུབ་པར་བྱས་པ་དང་། ཅིང་ཏུང་ཟོག་འགྲེམས་ཀྱི་སུང་ཞུའེ་ཝུན་གྱིས་ལོ་6རིང“རོགས་སྐྱོར”གྱི་བསྐུར་མ་ཁྲི་22བསྐྱལ་བར་གདེང་འཇོག་བཟང་པོ་ཐོབ་པ་མ་ཟད། རྒྱལ་ཡོངས་ཀྱི“ལྔ་གཅིག་ངལ་རྩོལ་གཟེངས་རྟགས”ཀྱང་རག་པ། ཧྲེན་ཐུང་མྱུར་སྐྱེལ་གྱི་ཀྲང་ཧྲུའུ་ཀྲེན་གྱིས་ལུས་ལ་ནད་གཞི་ཕོག་ཀྱང་ལས་གནས་བརྟན་སྲུང་གིས་ཉིན་ལྟར་ལས་ཀ་ཆུ་ཚོད་15བྱེད་པ་དང་བསྐུར་མ་ཚང་མ་བདེ་སྲུང་གི་རེ་བ་དང་མཐུན་གང་ཐུབ་བྱས་ཏེ་བྱེད་སྒོ་གལ་ཆེན་རིགས་ཀྱི་བདེ་འཇགས་འགན་ལེན་བྱེད་ཀྱི་ཡོད།
        ལས་གཏོད་གསར་གཏོད་དང་མི་ཚེའི་ཕུགས་འདུན་དོན་གཉེར་བྱེད་པའི་ཐད། ཡོན་ཐུང་མྱུར་སྐྱེལ་གྱི་ཐན་ཀྲུའེ་ཙེས་ཚོགས་པའི་སྣེ་འཁྲིད་དེ་རིག་ནུས་སྒྲིག་ཆས་རིགས་6ཞིབ་སྤེལ་བྱས་པས་ངལ་ནུས་བཅུ་ཆ་བདུན་དང་བཀོལ་སྤྱོད་དུས་ཚོད་ཆུ་ཚོད་1གྲོན་ཆུང་ཐུབ་པས་མྱུར་སྐྱེལ་ལས་རིགས་ཀྱི“གསར་གཏོད་པར”གྱུར་པ་དང་། ཧྲུན་ཧྥུང་ཚོགས་པའི་ཀྲའོ་ལིས་ཅེས་འཁོར་གསུམ་སྦག་སྦག་བཞོན་ནས་བསྐུར་མ་སྐྱེལ་བ་ནས་གནམ་གྲུ་བཏང་སྟེ་བསྐུར་མ་སྐྱེལ་བའི་བར་གྱི་མི་ཚེའི་འགྱུར་ལྡོག་བྱུང་སྟེ་རིམ་རྩིས་བརྒྱབ་ན་འཕུར་སྐྱོད་ཆུ་ཚོད་2800ཟིན་པ། ཡོན་ཐུང་མྱུར་སྐྱེལ་གྱི་སུན་ཅིས་ཏུང་གིས་རྒྱུན་གཏན་གྱི་ལས་ཀའི་ཁྲོད་རྟག་ཏུ་སྣང་འཇོག་བྱས་ཏེ་རྩལ་ནུས་ཞུན་བརྡར་བྱས་པར་རྒྱལ་ཡོངས་ཀྱི་སྦྲག་སྲིད་ལས་རིགས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་སྐབས་དང་པོའི་བྱ་དགའ་ཨང་དང་པོ་རག་ནས“རྒྱལ་ཡོངས་ཀྱི་ལག་རྩལ་མཁས་པར”གྱུར་ཡོད།
        ཁོང་ཚོའི་ཁྲོད་ད་དུང་བདེན་པའི་རྒྱབ་ལངས་དང་གཅེས་སེམས་ཀྱིས་ཕྱུག་པའི་འཐུས་མི་ཡོད་ཅིང་། སུའུ་ཉིང་ཟོག་འགྲེམས་ཀྱི་ཀྲེང་ཏུང་ཏུང་གིས་བསྐུར་མ་སྐྱེལ་བའི་ལམ་བར་དུ་ཉེན་ཁ་འཕྲད་ཀྱང་གཏིང་ཚད་སྨི་1ལྷག་ཙམ་ཟིན་པའི་རྫིང་བུ་ནས་མི་3བསྐྱབས་པ་དང་། ཡུན་ཏཱ་མྱུར་སྐྱེལ་གྱི་སུང་ཡུས་ཧྥུང་གིས་ལས་ཀ་ཧུར་ཐག་བྱེད་ཀྱིན་མིག་ལོང་བའི་བཟའ་ཟླ་དང་གླེན་ནད་ཕོག་པའི་སྒྱུག་པོ་དང་དེ་བཞིན་ནད་མང་པོ་ཕོག་པའི་ཨ་ནེ་བཅས་ལ་གཡོག་རྒྱུག་དགོས་པ་མ་ཟད་ད་དུང་བུ་སློབ་འབྲིང་ལ་གཏོང་དགོས་ཀྱི་ཡོད། དཀའ་ངལ་གྱི་མདུན་དུ་ཁོ་མོས་འཁང་ར་སྤུ་ཙམ་ཡང་མི་བྱེད་པར་སྡུག་རུས་ཆེན་པོས་ཁོང་ཚོར་ཞབས་ཞུ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་པས་རྒན་བཀུར་གཉེན་སྐྱོང་གི་གཞོན་ནུ་བཟང་པོར་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།