འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཁྲོན་གྱི་རྫོང་གྲོང་གསར་པའི་བདེ་སྐྱིད་འཚོ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་12ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་པེ་ཁྲོན་གྱི་རྫོང་གྲོང་གསར་པ་ནི“5·12”ས་ཡོམ་ཆེན་པོ་བརྒྱབ་རྗེས་གསར་སྐྲུན་བྱས་པའི་རྫོང་གྲོང་ཞིག་ཡིན་པ་དང་ཡུང་ཁྲང་གྲོང་རྡལ་དུ་གནས་ཡོད། འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་5ཡོད་པ་དང་མིག་སྔར་མི་ཁྲི་3.5དེར་སྡོད་ཀྱི་ཡོད་པ་དང་པེ་ཁྲོན་རྫོང་ཁོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བ་ཞིག་ཡིན་པ་མ་ཟད། ཁྲོན་ནུབ་ཡུལ་སྐོར་ཞབས་ཞུའི་རྟེན་གཞི་དང་མེན་དབྱང་ནུབ་རྒྱུད་ཐོན་ལས་རྟེན་གཞི་དང་དེང་རབས་ཅན་གྱི་ཆའང་རིགས་རིག་གནས་གྲོང་དང་སྣོད་བཅུད་གླིང་གི་གྲོང་བཅས་ཀྱང་ཡིན། རྫོང་གྲོང་གསར་པའི་མཛེས་ལྗོངས་ཁུལ་དུ་གནས་པའི་ཚོང་ལས་རྐང་ཐང་ཁྲོམ་གཞུང་དང་། ཡོམ་འགོག་དྲན་གསོ་གླིང་། རིག་གནས་ལྟེ་གནས། པེ་ཁྲོན་སློབ་འབྲིང་། པེ་ཁྲོན་མགྲོན་ཁང་གསར་པ་བཅས་དང་དེ་བཞིན་ཨན་ཁྲང་གཙང་པོའི་ནུབ་རྒྱུད་ཀྱི་ཝུའེ་སི་ཐེ་ཞིང་ལས་ཐོན་ལས་གླིང་སོགས་ལ་ཁྱད་ཆོས་ཕུན་སུམ་ཚོགས་པོ་ལྡན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།