འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།གཤགས་བཅོས་ཁང་གི་སྨན་གཡོག་སྐྱེས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་12ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་12ཉིན་ནི་རྒྱལ་སྤྱིའི་སྨན་གཡོག་གི་ཉིན་མོ་རེད། ད་ཆ་སྨན་གཡོག་ལས་རིགས་སུ་བུད་མེད་ཁོ་ན་མིན་པར་སྐྱེས་པ་སྨན་གཡོག་པས་ཀྱང་ནུས་པ་ཧ་ཅང་ཆེན་པོ་ཐོན་བཞིན་ཡོད། ལོ་25སླེབས་པའི་ཀུའོ་གཡོད་པིང་ནི་རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་ཁྲའོ་ཡང་སྨན་ཁང་གཤགས་བཅོས་ཁང་གི་སྨན་གཡོག་ཅིག་རེད། གཤགས་བཅོས་ཁང་གི་སྨན་གཡོག་གི་ཉིན་རེའི་ལས་ཀ་ནི་སྨན་ཁང་གི་ཁོའོ་ཧྲེ་ཁག་གི་སྨན་པས་གཤགས་བཅོས་ལེགས་སྒྲུབ་བྱེད་པར་གཞོགས་འདེགས་བྱ་རྒྱུ་དེ་རེད། ཀུའོ་གཡོད་པིང་གནས་སའི་གཤགས་བཅོས་ཁང་དུ་སྨན་གཡོག་སྐྱེས་པ་9ཡོད། ཁོང་གིས་གསར་འགོད་པར“སྐྱེས་པའི་ལུས་ཤུགས་ཆེ་བ་དང་སྡུག་རུས་འཁྱོག་པོ་ཡོད་པས་དུས་ཚོད་རིང་པོ་འགོར་བའི་གཤགས་བཅོས་ཆེ་གྲས་བྱེད་སྐབས་བུད་མེད་ལས་དགེ་མཚན་ཆེ་བ་ལྡན་ཡོད། མ་གཞི་ལས་ཀ་དཀའ་ལས་ཆེ་མོད། ལས་ཀར་གྲུབ་འབྲས་ཆེན་པོ་ཐོབ་པའི་སྣང་བ་ཞིག་ཡོང་གི་འདུག”ཅེས་བཤད། འདི་ནི་ཀུའོ་གཡོད་པིང(གཡས)གིས་གཤགས་བཅོས་མ་བྱས་གོང་དུག་སེལ་བྱེད་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།