འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་པེས་དབུལ་སྐྱོར་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ་
    ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་12ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཉིན་ཤས་གོང་ཧོ་པེ་ཞིང་ཆེན་ནོར་སྲིད་ཐིང་དུ་འཚོགས་པའི་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་དབུལ་སྐྱོར་མ་དངུལ་གྱི་ལྟ་སྐུལ་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2020ལོར་དུས་བཀག་དང་སྤུས་ཚད་ལེགས་པོའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་སྒྲུབ་བྱ་ཆེད། ཞིང་ཆེན་ནོར་སྲིད་ཐིང་གིས་《དབུལ་སྐྱོར་མ་དངུལ་གཏོང་རྒྱུ་དང་སྤྱོད་རྒྱུར་དོ་དམ་བཅོས་སྐྱོང་བྱ་རྒྱུའི་སྐོར་གྱི་བྱ་སྤྱོད་ཇུས་གཞི་》བཟོས་པ་དང་འབྲེལ། བྱེད་ཐབས་སྣ་མང་སྤྱད་དེ་ནོར་སྲིད་དབུལ་སྐྱོར་མ་དངུལ་སྤྱོད་རྒྱུར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ་རེད།
        ཇུས་གཞི་གཞིར་བཟུང་། ཧོ་པེ་ཞིང་ཆེན་ནོར་སྲིད་ཐིང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དབུལ་སྐྱོར་མ་དངུལ་སྤྱོད་མཁན་གྲོང་ཁྱེར་དང་རྫོང་ཚང་མར་ལེབ་བཤེར་རྣམ་པར་བརྟེན་ནས་ཞིབ་བཤེར་བྱ་རྒྱུ་དང་། 2016ལོ་ཚུན་དབུལ་སྐྱོར་མ་དངུལ་རེ་ཞུ་དང་། བགོ་འགྲེམས། གཤམ་སྤྲོད། དོ་དམ། བེད་སྤྱོད་བཅས་ཀྱི་བརྒྱུད་རིམ་ཁྲོད་རྫུན་བཟོས་གཡོ་ལེན་དང་། ཧམ་ཟོས་བཙན་བཟུང་། འཐེན་སྤྱོད་གཞན་བཀོལ། མ་དངུལ་སོར་འཇོག ཉེ་དགའ་ཕྱོགས་ཞེན། སྤྱོད་ཚད་མི་འདང་བ། དོ་དམ་ཚད་མཐུན་མེད་པ། གནད་སྨིན་དབུལ་སྐྱོར་དང་དབུལ་སྒྲོལ་ལ་མ་སྤྱད་པ་སོགས་སྒྲིག་འགལ་གྱི་གནད་དོན་ལྷག་ཡོད་མེད་གཙོ་གནད་ཐོག་ཞིབ་བཤེར་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།