འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སུང་ཆིང་ལིང་ཐེབས་རྩ་ཚོགས་པས་གཞོན་ནུ་ལོ་ཆུང་གི"ལས་གཏོད་སྒུལ་ཤུགས"
    ཀྱི་སྤྱི་ཕན་ཐེབས་རྩ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་11ཉིན། 11:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་སུང་ཆིང་ལིང་ཐེབས་རྩ་ཚོགས་པའི་གཞོན་ནུ་ལོ་ཆུང་གི“ལས་གཏོད་སྒུལ་ཤུགས”ཀྱི་སྤྱི་ཕན་ཐེབས་རྩ་ཉེ་ཆར་པེ་ཅིང་དུ་སྤྱོད་འགོ་ཚུགས་པ་རེད།
         སྤྱི་ཕན་ཐེབས་རྩ་དེ་ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ཚོགས་པ་དང་ཧྲེན་ཀྲེན་གྲོང་ཁྱེར་ཧྲང་ཡང་གཞོན་ནུ་ལོ་ཆུང་ཚན་རྩལ་གསར་གཏོད་སྐུལ་འདེད་ལྟེ་གནས་ཀྱིས་མཉམ་དུ་སྤེལ་འགོ་བཙུགས་པ་ཞིག་ཡིན་པ་དང་། ཆིང་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་དང་ཤང་ཀང་སློབ་གྲོགས་ཚོགས་པས་ཤང་ཀང་གི་སྒོར་མོ་ཁྲི་100ཞལ་འདེབས་ཕུལ་ནས་ལོ་དང་པོའི་སྤྱི་ཕན་རྣམ་གྲངས་སྤེལ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།
         ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ཚོགས་པའི་ཐེབས་རྩ་པུའི་པུའུ་ཀྲང་ཐང་ཅིའུ་ཧུང་གིས་ཀྲུང་གོའི་སུང་ཆིང་ལིང་ཐེབས་རྩ་ཚོགས་པའི་གཞོན་ནུ་ལོ་ཆུང་གི“ལས་གཏོད་སྒུལ་ཤུགས”ཀྱི་སྤྱི་ཕན་ཐེབས་རྩ་བཙུགས་པ་དེས་སྤྱི་ཚོགས་ཀྱི་དོ་ཁུར་དང་ཐོན་ཁུངས་ཀྱི་རྒྱབ་སྐྱོར་དེ་བས་གཅིག་སྡུད་ཐུབ་རྒྱུར་ཕན་པ་ཐོབ་རྒྱུ་ཡིན་པས། གཞོན་ནུ་ལོ་ཆུང་ཚོར་སྤྱི་ཚོགས་ཀྱི་གསར་གཏོད་སྤྱི་ཕན་རྣམ་གྲངས་ཀྱི་གསོ་སྐྱོང་ལས་སྟེགས་མཁོ་འདོན་ཐུབ་སྟེ། གཞོན་ནུ་ལོ་ཆུང་ཚོགས་པ་དོ་སྙོམས་འཕེལ་རྒྱས་དང་ནུས་པ་ཆེ་རུ་འགྲོ་རྒྱུར་ཕན་པ་ཐོབ་པའི་རེ་བ་ཡོད་ཅེས་བཤད་པ་རེད།
     
      

    ཕྱོགས་བསྡུས་གསར་འགྱུར།